གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༢༠ཉིན།

ཨ་ཆེན་གངས་རྒྱབ་ཏུ་ལོ་ངོ་བཅུའི་ཚུན་རིང་གཙོད་ཕྲུག་བཙའ་བར་གནས་སྤོར་སྔ་ཤོས་ཀྱི་དུས་ཚིགས་ཤར།

དཔྱད་གཞིའི་པར་རིས།

            ཉེ་ཆར། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུས་ནས་ཤེས་གསལ་ལྟར་ན། མིག་སྔར་མཚོ་སྔོན་གཙང་གསུམ་འབྱུང་ཁུངས་དང་། བྱང་ཐང་། ཤིན་ཅང་ རི་བོ་ཨར་ཅིན་བཅས་ས་ཁུལ་གྱི་མོ་གཙོད་དག་མཚོ་བོད་ལྕགས་ལམ་དང་། མཚོ་བོད་གཞུང་ལམ་བརྒལ་ནས་གཙོད་གནས་སུ་བསྐྱོད་ཐུབ་པ་བྱུང་། ཐེངས་འདིར་གནས་སྤོར་དུས་ནི་ལོ་སྔོན་མ་དག་དང་བསྡུར་ན་ཆ་སྙོམས་ཉིན་བཅུ་གྲངས་ཀྱིས་སྔོན་ལ་སྣུར་ཡོད་ཅིང་། དེ་ནི་ལོ་བཅུའི་ཚུན་གཙོད་ཕྲུག་སྐྱེས་བར་གནས་སྤོར་བའི་དུས་ཚིགས་སྔ་ཤོས་སུ་ཆགས་ཡོད་པ་རེད།

དཔྱད་གཞིའི་པར་རིས།

         ཟླ་5པའི་ཚེས་1ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5ཡི་སྟེང་། ཨ་ཆེན་གངས་རྒྱབ་སྨིག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་ལྟ་དཔྱད་ཚད་འཇལ་ལས་སྣེ་བས་མོ་གཙོད་མང་པོ་མཚོ་བོད་ལྕགས་ལམ་གྱི་ལམ་འགྲམ་དུ་འདུས་ཡོད་པ་མཐོང་འཕྲལ། དུས་ཐོག་ཏུ་འགྲིམ་འགྲུལ་བཀག་སྡོམ་གྱི་བྱེད་ཐབས་སྤྱད་པ་བརྒྱུད། ཉིན་དེའི་དགོང་མོ་ཆུ་ཚོད་22སྟེང་མོ་གཙོད་དག་གཞུང་ལམ་ལས་ཕར་བརྒལ་ཐུབ་པ་བྱུང་། ཐེངས་འདིའི་གནས་སྤོར་ནི་ལོ་སྔོན་མ་དག་ལས་ཅུང་སྔོན་ལ་སྣུར་ཡོད་པས། ཚོད་དཔག་ལྟར་ན་མོ་གཙོད་སྐོར་ཁག་དང་པོ་དེ་ཟླ་འདིའི་ཟླ་མཇུག་ཙམ་དུ་གཙོད་གནས་སུ་སླེབས་ཐུབ་རྒྱུ་རེད། པེ་ཅིང་སློབ་ཆེན་རང་བྱུང་རི་ཆུ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་སྣེ་བ་ལུའུ་ཡན་གྱིས་གསར་འགོད་པར། མོ་གཙོད་དག་གིས་གཙོད་ཕྲུག་བཙའ་བར་སྔ་སྣུར་གྱིས་གནས་སྤོར་བ་ནི་འཚོ་གནས་ཀྱི་ནམ་ཟླ་དང་གནམ་གཤིས་འགྱུར་ལྡོག་སོགས་དང་འབྲེལ་བ་ཡོད་སྲིད་པ་རེད་ཅེས་བརྗོད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1