བློ་བཟང་བརྩོན་འགྲུས་མཆོག་གིས་དཔའ་རིས་མི་རིགས་སློབ་འབྲིང་ལ་༼ཆན་ལུང་བཀའ་འགྱུར་དཔར་མ།༽ལེགས་སྐྱེས་སུ་ཕུལ་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-20


          2015ལོའི་ཟླ་5པའི་ཚེས་17ཉིན། སྲིད་གྲོས་དཔའ་རིས་བོད་རང་སྐྱོང་རྫོང་གི་ཀྲུའུ་ཞི་གཞོན་པ། དཔའ་རིས་མཆོད་རྟེན་ཐང་གི་དགོན་པའི་བདག་གཉེར་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བློ་བཟང་བརྩོན་འགྲུས་མཆོག་གིས་དཔའ་རིས་མི་རིགས་སློབ་འབྲིང་ལ་༼ཆན་ལུང་བཀའ་འགྱུར་དཔར་མ།༽ཆ་ཚང་བ་ཞིག་ལེགས་སྐྱེས་སུ་ཕུལ་འདུག

 

            བཀའ་བསྟན་འགྱུར་ནི་བོད་ཀྱི་ཤེས་བྱ་ཀུན་འདུས་ཀྱི་ནོར་བུའི་གཏེར་མཛོད་ལྟ་བུ་ཞིག་ཡིན་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྩ་ཆེའི་དཔེ་ཚོགས་ཤིག་དང་བོད་རིག་པ་ཞིབ་འཇུག་གི་ཆེས་གལ་འགངས་ཆེ་བ་དང་རྩ་བར་གྱུར་པའི་དཔྱད་གཞི་ཞིག་ཀྱང་ཡིན།  མིག་སྔར་དཔའ་རིས་མི་རིགས་སློབ་འབྲིང་གི་དཔེ་མཛོད་ཁང་དུ་ཤིང་དཔར་དང་པར་འདེབས་ཅན་གྱི་བོད་རྒྱ་ཡིག་གི་བཀའ་བསྟན་འགྱུར་ཆ་ཚང་བ་ཞིག་ཉར་ཚགས་བྱས་ཡོད་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1