རྒྱལ་ཁབ་16གི་ཚོང་ཟོག་འདི་དག་འགྲེམས་ཚོགས་འདིར་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-21


ཚོང་པ་ཞིག་རྐུབ་སྟེགས་ཐོག་ལངས་ནས་སྐུ་མགྲོན་ཚོར་བོད་བཟོའི་དངུལ་གྱི་ཕོར་པ་བཙོང་བཞིན་པ།

        ཟླ་6ཚེས་16ཉིན་ནས་ཚེས་18ཉིན་བར། རིག་གནས་དང་ཡུལ་སྐོར་པུའུ་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ་ལྷ་སར་གཉེར་བ་རེད། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་དེ་དྲ་ཐོག་དང་ཡུལ་དངོས་མཉམ་འདྲེས་ཀྱི་རྣམ་པའི་ཐོག་ནས་གཉེར་ཞིང་། བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་མཁོ་ཚོང་མཉམ་ལས་རྩ་འཛུགས་50ཡིས་རྩམ་པ་དང་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་སྣ་ཁ་300ཙམ་མཁོ་འདོན་བྱས་ཡོད། འགྲེམས་སྟོན་ནང་ཞུགས་མཁན་ཕྱི་རྒྱལ་གྱི་ཚོང་པ་སྔར་ལས་མང་དུ་ཕྱིན་ཡོད། ནེ་པ་ལ་དང་། རྒྱ་གར། ཝེ་ཐེ་ནམ། དབྱི་རན། དབྱི་ཐ་ལི། ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་16ནས་ཡོང་བའི་ཁེ་ལས་60ཡིས་ཚོང་ཟོག་རིགས་630འཁྱེར་ཡོད་ཅིང་། འགྲེམས་སྟོན་ཁང་ནང་དུ“རྒྱལ་སྤྱིའི་རྣམ་པ”ཡིས་ཁེངས་ཡོད།

འདི་ནི་འགྲེམས་ཚོགས་ཐོག་གི་ནེ་པ་ལའི་ཚོང་པ་རེད།

འགྲེམ་སྟོན་སྟེང་གི་འབྲུག་ཡུལ་ཚོང་པས་སྐུ་མགྲོན་ལ་འབྲུག་ཡུལ་གྱི་གྱོན་ཆས་དང་ཤིང་ཕོར་བཙོང་བཞིན་པ།

འདི་ནི་འགྲེམས་ཚོགས་ཐོག་གི་ནེ་པ་ལའི་ཚོང་པ་རེད།

འདི་ནི་འགྲེམས་ཚོགས་ཐོག་གི་ཐེ་ལན་གྱི་ཚོང་པ་རེད།

བོད་ལྗོངས་ཀྱི་གྲོང་གསེབ་གློག་རྡུལ་ཚོང་དོན་ཐད་གཏོང་བ་གཉིས་ཀྱིས་དྲ་ཐོག་ནས་བོད་ལྗོངས་ཀྱི་ཡུལ་ཐོན་ཁྱད་ལྡན་ཐོན་རྫས་བཙོང་བཞིན་པ།

རྒྱ་གར་གྱི་ཚོང་བ་ཞིག་གིས་རྒྱ་གར་གྱི་ཁྱད་ལྡན་ཚོང་རྫས་བཙོང་བཞིན་པ།

ཡུལ་སྐོར་བ་འགས་བོད་ལྗོངས་ཀྱི་ས་གནས་ཁག་གི་ཁྱད་ལྡན་གྱོན་ཆས་པར་ལེན་བྱེད་བཞིན་པ།

སྐུ་མགྲོན་ཞིག་གིས་བོད་ལྗོངས་འགྲེམས་ཚོགས་ཐོག་བོད་ལྗོངས་ཀྱི་ཚོང་ཟོག་འདེམས་བཞིན་པ།

སྐུ་མགྲོན་ཞིག་གིས་བོད་བཟོའི་བཟོ་རྩལ་ཐོན་རྫས་འདེམས་བཞིན་པ།

ཕྱིར་འཚོང་མི་སྣ་ཞིག་གིས་སྐུ་མགྲོན་ལ་ཚོང་རྫས་ཀྱི་ཁྱད་ཆོས་གསལ་བཤད་བྱེད་བཞིན་པ།

བོད་ལྗོངས་འགྲེམས་ཚོགས་ཐོག་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པས(གཡས)སྐུ་མགྲོན་ལ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་བཞིན་པ།

བོད་ལྗོངས་འགྲེམས་ཚོགས་ཐོག་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ནས་ཡོང་བའི་འགྲེམས་སྟོན་ནང་ཞུགས་མཁན་ཚོང་པས་ཡུལ་སྨད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ།

བོད་ལྗོངས་འགྲེམས་ཚོགས་ཐོག་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ནས་ཡོང་བའི་འགྲེམས་ཞུགས་ཚོང་པས(གཡོན)སྐུ་མགྲོན་ལ་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།

བོད་ལྗོངས་འགྲེམས་ཚོགས་ཐོག་འཛད་སྤྱོད་པས་སྣ་མང་ཕུན་སུམ་ཚོགས་པའི་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་རྫས་ལ་གཟིགས་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1