༄༅།། གནའ་བོའི་ཕོ་བྲང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མདོ་ལྷོ་དྲ་བ་ལས་དྲངས། སྤེལ་དུས། 06-25


\

        ཡུལ་སྐོར་བ་མང་དག་ཅིག་གམ། སྒོས་སུ་ཆེས་ཐོག་མར་རྒྱལ་ས་པེ་ཅིན་ལ་སླེབས་མཁན་ཞིག་ཡིན་ན། གནའ་བོའི་ཕོ་བྲང་ནི་ངེས་པར་འགྲོ་དགོས་པའི་ལྗོངས་རྒྱུ་ས་ཚིགས་གལ་ཆེན་ཞིག་ཏུ་ཆགས་ཡོད། གནའ་བོའི་ཕོ་བྲང་གི་མིང་གཞན་ལ་གོང་མའི་ཕོ་བྲང་ཟེར་ལ། སྔོན་ཆད་མིན་དང་ཆིང་རྒྱལ་རབས་ཀྱི་གོང་མའི་བཞུགས་གནས་ཡིན་པ་མ་ཟད། རང་རྒྱལ་གྱི་གནའ་བོའི་མཚོན་བྱེད་ཡང་ཡིན། གནའ་བོའི་ཕོ་བྲང་ནི་ཀྲུང་གོ་ཙམ་མ་ཟད། འཛམ་གླིང་གི་ངོས་ནས་བཤད་ན་ཡང་གཞི་རྒྱ་ཆེ་ལ་ཉར་ཚགས་འཐུས་ཚང་ཡིན་པའི་གནའ་བོའི་ཤིང་ཆ་གཙོ་བོར་གྱུར་བའི་འཛུགས་སྐྲུན་ཞིག་ཡིན་པས། འཛམ་གླིང་གི་ཕོ་བྲང་ཆེན་མོ་ལྔའི་ནང་དུ་བགྲངས་ཡོད། འཛུགས་སྐྲུན་གྱི་རྣམ་པའི་ཆ་ནས་སྲིད་གཞུང་ཕྱི་མ་དང་རྒྱལ་བོའི་ཕོ་བྲང་ནང་མ་སྟེ་རིགས་གཉིས་སུ་བགར་ཡོད།


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1