མཛོད་དགེ་རྫོང་གི་དགེ་རྒན1300ལྷག་གི་སློབ་ཁྲིད་འགྲན་སྡུར་ཆེན་མོ་ཡོངས་སུ་མཇུག་བསྡུས།

དཔལ་མགོན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-26


        མདུན་སྐྱོད་ཀྱི་གོམ་སྟབས་བརྟན་ཞིང་སྔོན་ཐོན་གྱི་བརྩོན་འགྲུས་བསྐྱེད།  མཛོད་དགེ་རྫོང་དགེ་རྒན་སློབ་ཁྲིད་འགྲན་སྡུར་ཆེན་མོ་སྐབས་དང་པོ་ཟླ3རིང་ལ་སྤེལ་བ་བརྒྱུད།  ཉེ་ཆར་བདེ་བླག་ངང་ཡོངས་སུ་མཇུག་བསྡུས་ཤིང་། གཡུར་ཟས་གྲུབ་འབྲས་རྣམ་པར་སྨིན། མདུན་སའི་དགེ་རྒན1300ལྷག་གིས་སློབ་གྲྭའི་ཐོག་མའི་འགྲན་སྡུར་དང་།  ས་ཁུལ་གྱི་བསྐྱར་འགྲན། རྫོང་རིམ་པའི་རྟིང་རྩོད་བཅས་བརྒྱུད་དེ།  མཐར་བྱ་དགའ་ཨང་དང་པོ42དང་ཨང་གཉིས་པ32དང་།  ཨང་གསུམ་པ49དང་ཁྱད་འཕགས་བྱ་དགའ6བཅས་བདམས།




        སྐབས་འདིའི་སློབ་ཁྲིད་འགྲན་སྡུར་ཆེན་མོར་འཇོན་ཐང་ལྡན་པའི་དགེ་རྒན་མང་བོ་གཅིག་ཏུ་འཛོམས་ཤིང་།  འགྲན་སྡུར་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དཀའ་གནད་ལ་ཞིབ་འཇུག་གཏིང་ཟབ་སྒོས།  སྣ་མང་ཅན་གྱི་སློབ་ཁྲིད་ཐབས་ལམ་གསར་གཏོད་བེད་སྤྱོད་བྱས་ཤིང་།   བསླབ་ཚན་བཅོས་བསྒྱུར་གསར་བའི་སློབ་ཁྲིད་ལྟ་བ་གཙིགས་སུ་བཟུང་སྟེ།  དགེ་རྒན་གྱི་ཆ་འཕྲིན་ཉེར་སྤྱོད་ནུས་པ2.0ཅན་གྱི་ལས་གཞི་དེ་བསླབ་ཚན་དང་ཟུང་འབྲེལ་གང་ལེགས་སྒོས།  ལས་ཆོད་མཐོ་ལ་འཆམ་མཐུན་ལྡན་པའི་སློབ་ཐུན་རྣམ་པ་གང་ལེགས་བསྐྲུན་ཏེ།  དུས་རབས་གསར་བའི་དགེ་རྒན་གྱི་སློབ་ཁྲིད་ནུས་པ་དང་ཕུལ་དུ་བྱུང་བའི་ཆེད་ལས་བྱང་ཚད་ལེགས་པར་ངོམས་པས།  མཛོད་དགེ་རྫོང་གི་དགེ་རྒན་གྱིས་བསླབ་ཚན་བཅོས་བསྒྱུར་གྱི་ཚ་རླབས་ཁྲོད་ངར་བསྐྱེད་བསམ་གཞིག་དང་སྦྱངས་པ་ཉམས་ལེན་གནང་བར་མཚོན་པར་མ་ཟད།  ཁོང་ཚོས་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པའི་བསམ་བློའི་སྙིང་སྟོབས་ལེགས་པར་མཚོན།

        མེ་ཏོག་སྣ་བརྒྱ་བཞད་པའི་སྐྱེད་ཚལ་ཀུན་ལ་མཛེས།  དགེ་རྒན་སློབ་ཁྲིད་འགྲན་སྡུར་ཆེན་མོ་སྐབས་དང་པོ་བདེ་བླག་ངང་སྤེལ་བ་ཡིས།   སློབ་གསོའི་མ་ལག་ཁྲོད་བསླབ་ཚན་བཅོས་བསྒྱུར་ཟབ་སྤེལ་སྒོས།  ལས་ཆོད་མཐོ་བའི་སློབ་ཐུན་གསར་སྐྲུན་གྱི་ཚ་རླབས་གསར་བ་འཕྱུར།  རྒྱ་ཆེའི་དགེ་རྒན་རྣམ་པས་དམིགས་ཡུལ་དང་འཆར་གཞི།  གོ་རིམ་བཅས་ལྡན་པའི་སློབ་ཁྲིད་ཇུས་འགོད་དང་སྐུལ་སྤེལ་བྱས་པ་བརྒྱུད།   དགེ་རྒན་གྱི་ནུས་པའི་བྱང་ཚད་དང་བྱེད་སྒོའི་འཇོན་ནུས། སློབ་ཁྲིད་ཆུ་ཚད་བཅས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1