རྒྱལ་སྲས་ཆར་སི་ཡིས་སེན་ཧྥུན་ཏང་གི་འགོ་ཁྲིད་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ལག་འཇུ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-21


    སྤྱི་ཟླ་5པའི་ཚེས་19ཉིན། ཨེར་ལན་གྱི་གྷའོ་ཝེ་གྲོང་ཁྱེར་དུ་ཡོད་པའི་ཨེར་ལན་རྒྱལ་གཞུང་སློབ་ཆེན་དུ་དབྱིན་ཇིའི་རྒྱལ་སྲས་ཆར་སི་ཡིས་ཨེར་ལན་གྱི་སེན་ཧྥུན་ཏང་གི་འགོ་ཁྲིད་གྷི་རུའུ་ཨ་བྷམ་སི་དང་ཐོག་མའི་མཇལ་འཕྲད་གནང་། 1979ལོར། རྒྱལ་སྲས་ཆར་སི་ཡི་ཡབ་རྒྱལ་བོ་ཧྥུ་ལེ་ཕི་ཡི་ཨ་ཞང་མོན་བྷ་ཏུན་ལགས་ཨེར་ལན་དུ་ངལ་གསོ་གནང་བཞིན་པའི་སྐབས་སུ་ཨེར་ལན་སྤྱི་མཐུན་དམག་གིས་སྒྱོགས་མདེལ་འཕངས་ནས་གྲོངས་པ་རེད། 1998ལོར་ཨེར་ལན་བྱང་མའི་ཞི་བདེ་གྲོས་མོལ་ལ་གྲོས་འཆམ་བྱུང་རྗེས། ཨེར་ལན་སྤྱི་མཐུན་དམག་གིས་ལོ་ངོ་30ཡི་རིང་དབྱིན་ཇིའི་དབང་བསྒྱུར་ལ་ངོ་རྒོལ་བྱ་བའི་ལས་འགུལ་སྤེལ་མཚམས་འཇོག་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། །

དབྱིན་ཇིའི་རྒྱལ་སྲས་ཆར་སི་ཡིས་ཨེར་ལན་གྱི་སེན་ཧྥུན་ཏང་གི་འགོ་ཁྲིད་གྷི་རུའུ་ཨ་བྷམ་སི་དང་ཐོག་མའི་མཇལ་འཕྲད་གནང་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1