རྔ་བ་རྫོང་གིས་རྨ་ཆུའི་ཡན་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་བསྐྲུན།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 06-29


        སྐྱེ་ཁམས་ཁོར་ཡུག་བཟང་བོ་ནི་ཀུན་ལ་ཕན་པའི་དམངས་འཚོའི་བདེ་སྐྱིད་ཡིན། ཉེ་བའི་ལོ་ཤས་རིང་། རྔ་བ་རྫོང་གིས་རྨ་ཆུའི་ཡན་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་བསྐྲུན་རྒྱུར་དམ་པོར་དམིགས་ནས“ལྗང་མདོག་ཁྱིམ་གཞིས་དང་དག་ཞིང་རྔ་ཁུལ”སྤྱིའི་དམིགས་ཚད་ལ་གཞི་ཚུགས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བ་དང་ཤིང་འཛུགས་ནགས་གསོའི་ལས་དོན་སྤེལ་ནས“རྨ་ཆུའི་བདེ་འཇགས་དང་སྐྱེ་ཁམས་ཉེན་རྟོག་ལས་དོན”བཅོས་སྒྲིག་གི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་ལས་ཀ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། སྐྱེ་ཁམས་སླར་གསོ་དང་ལྗང་མདོག་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྨ་ཆུའི་རྔ་བའི་བཞུར་རྒྱུན་ལ་སྔར་བས་དྭངས་གཙང་དང་སྔར་བས་མཛེས་སྡུག་ལྡན་པར་སྐུལ་འདེད་བཏང་། 

        རྔ་བ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་དང་ཆུ་ཁུངས་གལ་ཆེན་ཞིག་ཡིན་པས“ནགས་འདེབས་པ་དང་། ཆུ་གཏོང་བ། རྩྭ་རར་འཕྲོད་པ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། སྔ་རྗེས་སུ་རྨ་ཆུའི་སྟོད་རྒྱུད་དུ་ཤིང་འཛུགས་ནགས་བཟོའི་ས་ཁོངས་ཁག་བགོས་དང་རྩྭ་འདེབས་ཤིང་འཛུགས་བྱས་ཏེ་སྔོ་ཁེབས་དང་། རླུང་འཇགས། བྱེ་འཇགས། ས་སྐྱ་བཅས“སྔོན་འགོག་གཅིག་དང་བརྟན་སྲུང་གཉིས”བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་མ་ཡུམ་གཙང་བོར་ལྗང་མདོག་སྲུང་ཡོལ་བསྐྲུན་ཡོད་པ་རེད།

        2022ལོར་རྔ་བ་རྫོང་གིས་ལས་བྱེད་ལས་བཟོ་དང་ཞིང་འབྲོག་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འོས་འགན་ཤིང་འཛུགས་རྩྭ་འདེབས་ཀྱི་བྱེད་ཐབས་ཐོག་ནས་མུའུ་6.5ཡི་སྤྱི་ལེ་658.92ལེགས་སྒྲུབ་བྱས་པ་དང་། 2022ལོའི་ཟླ་5བར་ཁུལ་་དང་རྫོང་གི་ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པ་སོགས་ལས་བཟོ་2000ལྷག་ཙམ་གྱིས་དམངས་ཡོངས་ཀྱི་འོས་འགན་རྩྭ་འདེབས་ཤིང་འཛུགས་ནང་ཧུར་ཐག་ཞུགས་ནས་ཆུ་གཞུང་གི་འགོག་སྲུང་ཁུལ་སྤྱི་ལེ་13.96གི་མུའུ་2026.49བསྐྲུན་པ་དང་། 2023ལོར་མཛོད་དགེའི་རི་ཆུ་ཀླུང་གསུམ་གྱི་ལས་གྲྭ་ལག་བསྟར་བྱ་རྒྱུའི་ནང་བཅུག་ནས་སྤྱི་ལེ་318.41གི་མུའུ་17569ལག་བསྟར་བྱས། 2023ལོའི་ཟླ་4པར་ཁུལ་དང་རྫོང་གི་འགོ་ཁྲིད། ལས་བྱེད་པ། དགེ་འདུན་པ་དང་མང་ཚོགས། སློབ་མའི་འཐུས་མིབཅས་ཀྱིས་རྔ་བ་རྫོང་ཆོས་རྗེ་མ་ཡུལ་ཚོའི་རྨ་ཆུའི་འབབ་རྒྱུད་ལ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ནས་གཞུང་ཆུའི་སྐྱེ་ཁམས་འགོག་སྲུང་ཁུལ་གྱི་མུའུ་0.9ཡི་སྤྱི་ལེ་56འཛུགས་སྐྲུན་ལེགས་སྒྲུབ་བྱས།

        གྲངས་གཞི་རེ་རེ་ནི་རྔ་བ་རྫོང་གིས་རྨ་ཆུའི་ཡན་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་འཛུགས་སྐྲུན་ཚད་གཞི་ཚད་མཐོན་པོས་ལེགས་སྒྲུབ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཡིན་པ་དང་། ས་གནས་དེ་གའི་མང་ཚོགས་ལ་མ་ཡུམ་གཙང་བོ་སྲུང་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ཆོས་རྗེ་མ་ཡུལ་ཚོའི་མང་ཚོགས་ཀྱིས་རྨ་ཆུ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པ་ཞིག་ཡིན་ལ། ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་ངའི་ཕ་ཡུལ་དུ་ཤིང་འཛུགས་ནགས་འདེབས་བྱས་པ་དང་། མ་ཡུམ་གཙང་བོ་སྲུང་སྐྱོང་བྱེད་པ། ཁོར་ཡུག་སྲུང་སྐྱོང་བྱེད་པ་སོགས་ཀྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང”ཞེས་བཤད།

        རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཆོས་རྗེ་མ་ཡུལ་ཚོའི་རྨ་ཆུའི་ཡན་ལག་གི་སྐྱེ་ཁམས་འགོག་སྲུང་ཁུལ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་གྲོང་མི་སྒྲིག་འཛུགས་བྱས་ཏེ་སྐྱེ་ཁམས་ཉེན་དོན་མི་སྣ་དང་སྐོར་གཡེང་བ་བཙུགས་ནས་དུས་ཚོད་གཏན་འཁེལ་མེད་པའི་ངང་མཚོ་སྐོར་ལས་དོན་སྤེལ་ཏེ“གོམ་པ་དང་བོ་དང་རང་འགུལ་ངང་ལས་དོན་སྒྲུབ་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ་ནུས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་དང་འགན་ལེན་བྱེད་པའི་ཁྲོད་མདུན་སྐྱོད་དང་མིག་དཔེ་བསྟན་ནས་ནུས་ཤུགས་ཡོད་རྒུས་རྨ་ཆུའི་བཞུར་རྒྱུན་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་པ་རེད།

        ཆོས་རྗེ་མ་ཡུལ་ཚོའི་ལས་དོན་མི་སྣ་ལིའུ་ཆང་གིས་གསར་འགོད་པར“ད་ལོ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་གཞོགས་འདེགས་བྱས་ནས་སྤྱི་ལེ་14.98ཟིན་པའི་རྨ་ཆུའི་ཡན་ལག་གི་འགོག་སྲུང་ཁུལ་བདེ་བླག་ངང་བསྐྲུན་ལ་ཨ་བྲའི་གནོད་འཚེ་བཅོས་སྒྲིག་བྱེད་ཚད་མུའུ་ཁྲི་28.86ཟིན་པ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་གི་མི་སྣའི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་རུ་ཁག་གསུམ་བཙུགས་ནས་རྒྱུན་གཏན་གྱི་སྐོར་གཡེང་སྲུང་སྐྱོང་ལས་དོན་སྤེལ་བཞིན་ཡོད”ཅེས་བཤད།

        ཆོས་རྗེ་མ་ཡུལ་ཚོའི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཕུའུ་པིན་གྱིས“གནས་རི་ས་གཙང་དང་སྐྱེ་ཁམས་ཉེན་དོན”གྱི་ལས་དོན་སྤེལ་བ་ནས་བཟུང་རྔ་བ་རྫོང་སྤྱི་བདེ་ཅུས་ཀྱིས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་། ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ལ་དམིགས་ནས་སྐོར་གཡེང་སྔོན་འགོག་ཚོད་འཛིན་དང་ཁོར་ཡུག་སྲུང་སྐྱོང་གི་དྲིལ་སྒྲོག་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བས་ཆོས་རྗེ་མ་ཡུལ་ཚོའི་རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན་ཡོད་ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1