༄༅།།བོན་གྱི་དཔེ་རྙིང་མང་པོ་ཉམས་གསོ་བྱས་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་བ་ལས་དྲངས། སྤེལ་དུས། 07-05


  བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཉེ་དུས་ནག་ཆུ་ཁའི་དགོན་སྡེ་ཞིག་ཏུ་ཉར་ཚགས་བྱས་པའི་གཡུང་དྲུང་བོན་གྱི《བཀའ་འགྱུར》དཔེ་རྙིང་ཉམས་གསོ་ལེགས་སྒྲུབ་བྱས་ཤིང་། འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་རྩ་ཆེ་བའི་དཔེ་རྙིང་མིང་གཞུང་དུ་ཚུད་པའི་དཔེ་རྙིང་ཉམས་གསོ་བྱེད་ཐེངས་ཐོག་མར་གྱུར་ཡོད། བོད་ལྗོངས་དཔེ་མཛོད་ཁང་གི་དབུ་འཛིན་གཞོན་པ། བོད་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོན་གྱི《བཀའ་འགྱུར》དེར་ཁྱོན་པོ་ཏི་1500ཙམ་ཡོད་ལ། གཏོར་སྐྱོན་ཕོག་པའི་པོ་ཏི་75ལྷག་ཙམ་ཡོད། ཚོད་རྩིས་བྱས་པ་བརྒྱུད་སྤྱི་ལོའི་དུས་རབས་15པ་ནས་16པའི་བར་གྱི་ལག་བྲིས་ཡིན་པ་གཏན་འཁེལ་བྱུང་ཡོད་ལ། དེ་ནི་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་དུས་སྐབས་ཅུང་སྔ་བའི《བཀའ་འགྱུར》གྱི་དཔེ་རྙིང་སྐོར་ཞིག་རེད། འདས་ཟིན་པའི་ལོ་གཉིས་ནང་། དཔེ་རྙིང་ཉམས་གསོ་མཁན་གྱིས་གཏོར་སྐྱོན་ཕོག་པའི་པོ་ཏི་སྐོར་ཞིག་ལ་ཉམས་གསོ་བྱས་ཡོད་ལ། ད་ལོ་དུས་ཚོད་གཏན་འཁེལ་ནང་དགོན་པར་ཕྱིར་སྤྲོད་ཀྱི་ཡོད་པ་རེད།  2015ལོར་བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་བཙུགས་པ་ནས་བཟུང་། མིག་སྔར་དཔེ་རྙིང་5000ལྷག་ལ་ཉམས་གསོ་བྱས་ཡོད་པ་རེད། 2022ལོར། དཔེ་རྙིང་ཡོངས་བཤེར་དང་ཆད་ལུས་ཞིབ་བཤེར་ཁ་གསབ་ལས་དོན་སྤེལ་རིང་། ལྟེ་གནས་འདི་གས་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག་སོགས་ཁག་སོ་སོར་དཔེ་རྙིང་པོ་ཏི་4739དང་པོ་ཏི་1760ལ་ཡོངས་ཁྱབ་ཞིབ་བཤེར་བྱེད་པར་རོགས་ལས་མཛུབ་ཁྲིད་བྱས་ཤིང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་དུ་པོ་ཏི་226དང་ནག་ཆུ་གྲོང་ཁྱེར་གྱི་རྫོང་གཉིས་སུ་པོ་ཏི་267ལ་ཉམས་གསོ་ལེགས་པར་བྱས་ཤིང་། ས་སྐྱ་རྫོང་གི་བོད་ཡིག་དཔེ་རྙིང་2000ལྷག་ལ་བོད་ཡིག་གི་པར་གཞི་པར་འདེབས་ཀྱི་གསལ་འབྱེད་ལས་དོན་ལེགས་པར་བསྒྲུབས་ཡོད་པ་རེད།  སྤེན་པ་ཚེ་རིང་གིས། རིག་གནས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁྲིམས་འགལ་ངང་བེད་སྤྱོད་གཏོང་བའི་རིགས་བཀག་འགོག་བྱ་ཆེད། དུས་མཇུག་ཏུ་འབྲེལ་ཡོད་དབང་ཚད་བཟོས་རྗེས་སླར་ཡང་ཀློག་པ་པོ་ཚོར་དྲ་ཐོག་ནས་སྒོ་དབྱེ་བ་དང་། ད་ལོར་འདི་ག་ལྟེ་གནས་ཀྱིས་སྔར་བཞིན་རྒྱུན་རྣམ་ཅན་གྱི་དཔེ་རྙིང་ཡོངས་བཤེར་དང་ཉམས་གསོ། གྲངས་གཞི་ཅན་སོགས་ཀྱི་ལས་དོན་སྤེལ་གྱི་ཡོད་པ་མ་ཟད། ད་དུང་བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་རྩ་ཆེན་གྱི་མིང་གཞུང་ཁག་དང་པོའི་ཡིག་ཐོག་སྙན་སེང་འབུལ་བའི་ལས་དོན་ཡང་སྤེལ་གྱི་ཡིན་ཞེས་བརྗོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1