2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 07-06


འདི་ནི་གྲངས་འཛིན་སྒྲ་འོད་ཀྱི་མཛེས་ཉམས་ཡིན་པ།

        ཚེས་4ཉིན་2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་ལྷ་སའི་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་དང“གྲངས་འཛིན་མཚན་མོའི”གྲོང་ཁྱེར་གྱི་འཕར་རྩ་གསལ་བའི་མཛད་སྒོ་འགོ་ཚུགས་པ་རེད།

        གསར་འགོད་པས་ཤེས་པར་གཞིགས་ན། སྐབས་འདིའི་མཐོ་རིམ་གླེང་སྟེགས་ཐོག“1+7+1+1+3”གྱི་བྱེད་སྒོའི་སྒྲོམ་གཞིར་འགོ་ཚུགས་མཛད་སྒོ་དང་། “གྲངས་འཛིན་མཚན་མོའི”གྲོང་ཁྱེར་གྱི་འཕར་རྩ་གསལ་བའི་མཛད་སྒོ་གཅིག གླེང་སྟེགས་གཙོ་བོ་དང་ཆེད་དོན་གླེང་སྟེགས་བདུན། གཟའ་འཁོར་གཅིག་གི་གྲངས་འཛིན་དཔལ་འབྱོར་ཉམས་ལེན་གཟའ་འཁོར། གྲངས་འཛིན་དཔལ་འབྱོར་གྱི་ཆེད་དོན་ཚོང་འགུགས་མ་འདྲེན་ཚོགས་ཆེན་གཅིག གྲོང་ཁྱེར་གྱི་གྲངས་འཛིན་ཁྱད་ཆོས་བཀོལ་སྤྱོད་རྣམ་པ་གསུམ་བཅས་བཀོད་སྒྲིག་བྱས་ཡོད་པ་རེད། གཞན་ཡང་བྱེད་སྒོར་ད་དུང་ལྷ་སའི་གྲངས་འཛིན་དཔལ་འབྱོར་གྱི་གསར་གཏོད་གྲུབ་འབྲས་རབ་དང་རིམ་པ་ཡོངས་བསྒྲགས་དང་། གྲངས་འཛིན་དཔལ་འབྱོར་གྱི་ཚོང་འགུགས་མ་འདྲེན་དང་གཅིག་སྡུད་གན་རྒྱ་འཇོག་པའི་མཛད་སྒོ་སོགས་སྤེལ་ནས་ལྷ་སའི་གྲངས་འཛིན་དཔལ་འབྱོར་གཅིག་སྡུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡོད་པ་རེད།

        2023ལོའི་གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་ཚོགས་ཆེན་གྱི་རྒྱལ་ནང་གི་ཡན་ལག་ཚོགས་ར་ཉག་གཅིག་ལྷ་སའི་མཐོ་རིམ་གླེང་སྟེགས་དང་པེ་ཅིང་གི་ཚོགས་ར་གཙོ་བོ་དུས་གཅིག་ཏུ་འགོ་ཚུགས་ཏེ་གངས་ལྗོངས་ས་མཐོར་གྲངས་འཛིན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1