༄༅།།ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི་སྐོར་རགས་ཙམ་བཀོད་པ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 07-11


འདི་ནི་ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་འགོ་འཛུགས་ཡུལ་གྱི་ཕྱིའི་ཡུལ་ལྗོངས་ཧྲིལ་པོ་ཡིན་པ།

འདི་ནི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཡིན་པ།

འདི་ནི་འགོ་ཚུགས་མཛད་སྒོའི་འཁྲབ་སྟོན་ལ་ཁུན་ཆུས་ཁྲང་ཞི་འཁྲབ་བཞིན་པ།

འདི་ནི་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་འཁྲབ་བཞིན་པ།

འདི་ནི་འགོ་ཚུགས་མཛད་སྒོར་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

འདི་ནི་ཇོ་མོ་གླང་མའི་ཁྱད་ཆོས་ལྡན་པའི་གཞིས་རྩེའི་ཞིམ་ཟས་དུས་ཆེན་ཐོག་ཚོང་པས་ཞིམ་ཟས་བཟོ་བཞིན་པ།

འདི་ནི“ཇོ་མོ་གླང་མའི་ཕྱག་རྟགས”ཞིང་ལས་དམིགས་བསལ་གྱི་ཐོན་རྫས་འགྲེམས་ཚོང་ལ་གྲོང་མི་ཞིག་གིས་ཐོན་རྫས་ཉོ་བཞིན་པ།

འདི་ནི་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་འགྲེམས་ཚོང་བྱེད་མཁན་ཁེ་ལས་ཀྱིས་རང་ཉིད་ཀྱི་ཐོན་རྫས་སྟོན་བཞིན་པ།

འདི་ནི“ཇོ་མོ་གླང་མའི་ཉམས་བཟང”གི་ཧྲན་ཏུང་དང་བོད་ཀྱི་ཡིག་གཟུགས་དང་། རི་མོ། པར་ལེན་བཅས་ཀྱི་བརྩམས་ཆོས་སྤེལ་རེས་འགྲེམས་སྟོན་ཐོག་ལས་དོན་པས་བརྩམས་ཆོས་ལ་འགྲེལ་བཤད་རྒྱག་བཞིན་པ།

གཞིས་རྩེ་ནི་ངོ་མཚར་ཆེ་ཞིང་མཛེས་སྡུག་ལྡན་པའི་ས་ཆ་ཞིག་ཡིན་པ་དང་། ས་རྒྱ་ཆེ་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་ལ་རི་ཀླུང་ལྟ་ན་སྡུག་ཅིང་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཞིག་ཡོད། དེ་གར་མི་རིགས་ཀྱི་ཡུལ་སྲོལ་ཟབ་ཅིང་ས་ཁོངས་ཀྱི་རིག་གནས་དམིགས་བསལ་ཁྱད་ཆོས་ལྡན་པ་མ་ཟད། དེ་གའི་བགྲང་ལས་འདས་པའི་ཡུལ་སྐོར་མཛེས་ལྗོངས་དང་། སྣ་མང་ཕུན་སུམ་ཚོགས་པའི་ལོ་རྒྱུས་དང་མི་ཆོས་རིག་གནས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་དང་གྲོགས་པོ་ཚོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་བཞིན་མཆིས།

ཟླ་6ཚེས་18ཉིན། དུས་ཡུན་གཟའ་འཁོར་གཅིག་ཡིན་པའི་ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་གཞིས་རྩེ་གྲོང་ཁྱེར་རིག་གནས་གསར་གཏོད་གླིང་ཁུལ་དུ་འགོ་ཚུགས་ཤིང་། བྱེད་སྒོས“རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། རིག་གནས་ཀྱི་སྟེགས་བུ་སྐྲུན་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་བྱ་རྒྱུ”དམིགས་ཚད་དུ་བྱས་ནས་ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པར་ནང་དོན་གསར་པ་བསྣན་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱི་ལྟེ་བའི་གྲོང་ཁྱེར་གཉིས་པ་དང་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་བསྐྲུན་རྒྱུར་ཕྱོགས་པའི་རྒྱབ་ལྗོངས་ཆེན་པོར་བརྟེན་ནས་ད་རེས་ཀྱི་འདུ་ཚོགས་གཟབ་རྒྱས་འདི་ཚོགས་པ་དང་། དེའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་དང་། གཞིས་རྩེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྤུས་དག་ངོ་སྤྲོད་བྱས་ནས་གཞིས་རྩེའི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་ཚོང་གཉེར་ཁོར་ཡུག་ཡག་པོ་དྲིལ་བསྒྲགས་བྱས་ཏེ། གཞིས་རྩེས་ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་དབྱེ་རྒྱུར་སྐུལ་འདེད་བཏང་ནས། “འཛུགས་གཏོད་བཞིར”ནུས་ཤུགས་ཡོད་རྒུས་རམ་འདེགས་དང་། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་ཐུབ་པ་བྱེད་པའི་ཁྲོད་རྩེར་སོན་གཏོད་པ་དང་སྔོན་དུ་བསྐྱོད་རྒྱུར་བློ་སྟོབས་ཆེན་པོས་འབད་འབུངས་བྱ་རྒྱུ་དེ་ཡིན་པ་རེད།

བྱེད་སྒོའི་རྣམ་པ་འཁྲུག་ཆ་དོད་པོ་ཡོང་བར་བྱ་ཆེད། བྱེད་སྒོ་དངོས་སུ་འགོ་མ་ཚུགས་གོང་། གཞིས་རྩེ་གྲོང་ཁྱེར་གྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པ་གཉེར་རྒྱུར་བྱེད་སྒོའི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད།

ཟླ་6ཚེས་10ཉིན། བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་བསྡུར་ཆེན་པོ་གཞིས་རྩེ་གྲོང་ཁྱེར་གྱི་མུ་ཏིག་མཚོའི་ཐང་ཆེན་དུ་གཉེར་བ་དང་།

ཟླ་6ཚེས་16ཉིན། “ཇོ་མོ་གླང་མའི་ཕྱག་རྟགས་ཐོག་མ”ཞེས་པའི་གཞིས་རྩེའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཚོང་བྱས་པ།

ཟླ་6ཚེས་17ཉིན། ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་བསམ་པའི་གསར་གཏོད་ཐོན་ལས་གླིང་དུ་གླིང་ཁུལ་སྒོ་དབྱེ་བའི་མཛད་སྒོ་འཚོགས་པ་ལས་གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལས་དོན་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

ཟླ་6ཚེས་16ཉིན། ཇོ་མོ་གླང་མའི་རིག་གནས་དང་ཡུལ་སྐོར་དུས་ཆེན་སྐབས་བཅོ་བརྒྱད་པའི“ཇོ་མོ་གླང་མའི་ཕྱག་རྟགས”ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་གཉེར་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་པར་བྱས་ཤིང་། ཚོང་འདུས་ཐོག་རྫོང(ཆུས)18དང་ཁེ་ལས་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཐོན་རྫས་སྤུས་དག་372བསྟན་པ་སྟེ། གྲོ་མོའི་མོག་རོ་དང་པ་སྣམ་གྱི་སྔོ་ཚལ་དང་། ལུག་མིག་གསེར་སྐུད་མ། འདྲེ་ཚེར་མ། བཞེས་ཁྲུང་ནས་ཆང་། རིན་སྤུངས་ཀྱི་གཡག་ཐེར་སོགས་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་མང་པོ་འགྲེམས་ཚོང་བྱས་པ་རེད།

“རིག་གནས་ཀྱི་སྟེགས་བུ་བསྐྲུན་ནས་ཚོང་དོན་འཕེལ་རྒྱས་གཏོང་རྒྱུའི”སྤྱིའི་བླང་བྱ་ལྟར་གཞིས་རྩེ་གྲོང་ཁྱེར་གྱིས་རྫོང(ཆུས)ཁག་དང་། གླིང་ཁུལ། ལས་རིགས་ཁག་བཅས་ཀྱི་གཙོ་འགན་དོ་དམ་སྡེ་ཚན་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་འཆར་འགོད་དང་། ངོ་འཕྲད་གྲོས་མོལ། དུས་འགོའི་ལས་དོན་བཅས་སྤེལ་བ་མ་ཟད། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་གལ་ཆེན་ལ་མཉམ་དུ་མིང་རྟགས་འགོད་པའི་མཛད་སྒོ་གཉེར་བ་དང་། རྣམ་གྲངས་58ལ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་204ཟིན་ཡོད། གཞིས་རྩེ་གྲོང་ཁྱེར་ཡུལ་སྐོར་ཚོང་གཉེར་ཁྱབ་སྤེལ་འདུ་ཚོགས་ཆེན་པོའི་ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་26ལ་མཉམ་དུ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་6.85ཟིན་ཞིང་། ཚོང་འགུགས་འོས་སྦྱོར་དང་། འགྲེམས་སྟོན། སྤེལ་རེས་བཞུགས་མོལ། ས་གནས་ས་ཐོག་ཏུ་རྟོག་ཞིབ་སོགས་བརྒྱུད་ཕྱོགས་ཡོངས་ནས་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་། ཐོན་ལས་འཕེལ་རྒྱས་གཏོང་བའི་དམིགས་བསལ་གྱི་ལེགས་ཆ། ཚོང་ལམ་བཟང་པོ་བཅས་ངོ་སྤྲོད་བྱས་ནས་གཞིས་རྩེའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་གསོན་ཤུགས་དང་སྒུལ་ཤུགས་སྦྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1