ཕ་ལམ་སྔོན་པོ་དང་མཚུངས་པའི་མཐོ་སྒང་གི་མཚོ་སྔོན་པོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


     མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་ལྟེ་བ་ཟི་ལིང་དང་བར་ཐག་སྤྱི་ལེ་150ཙམ་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ་4625.6ཟིན་པ། མཚོ་ངོས་ལས་ས་བབ་མཐོ་ཚད་སྨི་3196.69ཟིན་པ། ཆུའི་གཏིང་ཚད་ཆ་སྙོམས་སྨི་18ཟིན་པ། མཚོ་མཐའི་རིང་ཚད་སྤྱི་ལེ་360ཙམ་ཟིན་ཞིང་། མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དང་མཚོ་སྔོན་ཞིང་ཆེན་གྱི་ས་ཁོངས་སུ་གནས་པ་དང་། ཀྲུང་གོའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་ཡིན་པས། “ཀྲུང་གོའི་མཚེའུ་མཛེས་ཤོས་”ཞེས་བརྗོད་ཀྱི་ཡོད། མཚོ་སྔོན་པོ་ནི་འཛམ་གླིང་མཐོ་སྒང་གི་སྐམ་སའི་དབུས་ཁུལ་གྱི་མཚེའུ་དང་འདམ་རའི་རིགས་ཀྱི་དཔེ་མཚོན་ཞིག་རེད། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1