ཨ་རིའི་མངའ་སྡེ་འདིར་མེ་མདའ་བརྒྱབ་པའི་དོན་རྐྱེན་ཁྲོད་མི་4ཤི་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-19


   ཚེས་15ཉིན། ཨ་རིའི་ཤར་ལྷོའི་རྒྱུད་ཀྱི་ཙུའོ་ཀྲི་ཡ་མངའ་སྡེའི་ཧན་ཕུའུ་ཏུན་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ཀྱིས་གྲོང་ཁྱེར་དེར་ཉིན་དེའི་སྔ་དྲོ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཐོན་ནས། མི་4རྐྱེན་ལམ་དུ་ཤོར་བ་དང་མེ་མདའ་རྒྱག་མཁན་སྔར་བཞིན་བྲོས་བྱོལ་དུ་སོང་ལུགས་བཤད་པ་རེད།

   ཉེན་རྟོག་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བའི་ནང་། མེ་མདའ་བརྒྱབ་པའི་དོན་རྐྱེན་དེ་ས་གནས་དེ་གའི་དུས་ཚོད་ཆུ་ཚོད་10དང་སྐར་མ་45ཡི་གཡས་གཡོན་དུ་ཐོན་པ་དང་། ལོ་ན་དར་ལ་བབ་པའི་སྐྱེས་པ་3དང་བུད་མེད་1ལ་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་ཡོད་ཅིང་། མེ་མདའ་བརྒྱབ་པའི་དོན་རྐྱེན་གྱི་གནས་ཚུལ་ཞིབ་ཕྲ་ཉེན་རྟོག་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་མེད་མོད། འོན་ཀྱང་། ཉུང་མཐར་ཡང་ཉེས་གསོག་གི་དོན་རྐྱེན་འབྱུང་གནས་ཉེ་ས་ཁག་4ལ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད་འདུག 

    ཉེན་རྟོག་ཕྱོགས་ཀྱིས་ད་ལམ་རང་ལོ་41ལ་སླེབས་པའི་ས་གནས་དེ་གའི་གྲོང་མི་སྐྱེས་པ་ཞིག་དོགས་ཡོད་ཉེས་ཅན་དུ་གཏན་འཁེལ་བྱས་ཡོད་ཅེས་བཤད་པ་རེད། དོགས་ཡོད་ཉེས་ཅན་དེས་མེ་མདའ་འཁྱེར་ཞིང་རླངས་འཁོར་ནག་པོ་ཞིག་ལ་བསྡད་ནས་བྲོས། ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཉེས་གསོག་དོགས་ཅན་གྱི་འདྲ་པར་དང་དེ་བཞིན་མིང་དང་། གཟུགས་ཚད། གྱོན་ཆས་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་འབྲེལ་གནས་ཚུལ་ཤེས་རྟོགས་དང་ཁུངས་སྣེ་ཤེས་རྟོགས་བྱུང་ན་འཛིན་ལ་གཞོགས་འདེགས་བྱ་རྒྱུའི་སྐུལ་ལྕག་ཀྱང་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1