མཛོད་དགེ་རྫོང་གིས་དུག་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་སྒོ་སྤེལ།

དཔལ་མགོན། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-27



        

        དུག་རྫས་ནི་མིའི་རིགས་ཡོངས་ཀྱི་སྤྱི་དགྲ་ཡིན་ལ།   དེས་མིའི་རིགས་ཀྱི་བདེ་ཐང་ལ་གནོད་པ་ཚབས་ཆེན་བཟོ་བར་མ་ཟད་སྤྱི་ཚོགས་ཀྱི་སྲོལ་བཟང་ཡང་བརླགས་ཏེ།   ཁྲིམས་འགལ་ཉེས་གསོག་གི་སྤྱོད་ངན་སྣ་ཚོགས་ཐད་ཀར་བསླངས་ནས།  སྤྱི་ཚོགས་གཏན་འཇགས་ལ་འཇིགས་སྣང་ཆེན་པོ་བསྐུལ།   དུག་རྫས་ལ་རྡུང་རྡེག་གཏོང་རྒྱུ་ནི་ལས་འགན་ནན་མོ་ཞིག་ཡིན་པས།   དུག་རྫས་བཀག་འགོག་དང་ཉུང་དུ་གཏོང་བ།  ཐ་ན་རྩ་མེད་དུ་གཏོང་རྒྱུ་བཅས་ནི་མི་དམངས་ཀྱི་སྤྱི་འདུན་ཡིན།

        ཉེ་ཆར་མཛོད་དགེ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་དུག་འགོག་དྲིལ་སྒྲོག་ནུས་ཤུགས་སྔར་ལས་ཆེ་རུ་བཏང་སྟེ།   མི་དམངས་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་ཆེར་བཏང་ནས།   དུག་འགོག་དྲིལ་སྒྲོག་སློབ་གསོ་ཁྱབ་གདལ་དུ་གཏོང་ཆེད།   ཅི་ལིན་སློབ་གླིང་གི2023ལོའི་སློབ་ཆེན་སློབ་མའི་དང་བླངས་པ་དང་མཉམ་དུ།   ཚོང་ལས་སྲང་ལམ་དུ་མཉམ་འབྲེལ་གྱིས་དུག་རྫས་ནི་མུན་ནག་ཡིན་ལ་དུག་འགོག་ནི་སྐྱ་རེངས་ཡིན་ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་དུག་འགོག་དྲིལ་སྒྲོག་བྱེད་སྒོ་སྤེལ། 

        བྱེད་སྒོར་དུག་འགོག་འཕྲེད་ཡིག་བཀལ་བ་དང་དུག་འགོག་ཤེས་བྱའི་དྲི་བ་དྲིས་ལན།   དུག་འགོག་སྒྲོག་ཤོག་བཀྲམ་པ།   དུག་རྫས་ཀྱི་དཔེ་དབྱིབས་འགྲེལ་བཤད།  དུག་འགོག་རིས་ཚོན་བྱུག་པ་སོགས་ཀྱི་ལམ་ནས་དུག་འགོག་དྲིལ་སྒྲོག་བྱས།   ཐེངས་འདིའི་དུག་འགོག་བྱེད་སྒོར་སྣང་བརྙན་ཆེ་ལ་གསོན་ཉམས་ཆེས་ལྡན་པ་ནི་དུག་རྫས་ཀྱི་དཔེ་དབྱིབས་འགྲེལ་བཤད་ཡིན་ལ།  དུག་འགོག་མིག་མངས་ཀྱི་རོལ་རྩེད་ཁྲོད་དུག་འགོག་ཤེས་བྱ་འདུས་པས།  དེས་ཐེངས་འདིའི་དུག་འགོག་བྱེད་སྒོའི་རོལ་རྩེད་རང་བཞིན་ཆེར་བཏང་བ་དང་།  དུག་འགོག་རིས་ཚོན་བྱུག་པའི་རོལ་རྩེད་ཀྱིས་གྲོགས་པ་ཆུང་ཆུང་མང་བོའི་ཡིད་སེམས་བཀུག


        མང་ཚོགས་མང་ཆེ་བས་རྒྱ་སྐད་མི་གོ་བས།  ཡུལ་དངོས་སུ་ད་དུང་བོད་རྒྱ་སྐད་སྒྱུར་ལམ་ནས་དུག་འགོག་རྒྱུན་ཤེས་འགྲེལ་བཤད་བྱས་ཏེ།   རྒྱ་ཆེའི་མང་ཚོགས་དུག་རྫས་དང་རིང་དུ་གྱེས་ཤིང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པར་ཁྲིད་སྟོན་སྒོས།  མང་ཚོགས་ཀྱི་དུག་རྟོགས་དང་དུག་འགོག  དུག་འདོར་བཅས་ཀྱི་འདུ་ཤེས་ཆེར་བཏང་སྟེ།   མང་ཚོགས་ཀྱི་དུག་རྫས་ངོས་འཛིན་ནུས་པ་དང་བཀག་འགོག་ནུས་པ་ཆེར་བཏང་།   

        

        ཐེངས་འདིའི་དུག་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་སྒོ་མང་ཚོགས600ལྷག་ལ་ཁྱབ་ཅིང་།   བསྡོམས་པའི་དུག་འགོག་སྒྲོག་ཤོག1000ལྷག་བཀྲམ་སྟེ།   རྒྱ་ཆེའི་མང་ཚོགས་ལ་སྔར་ལས་དུག་རྫས་ཀྱིས་མི་སྒེར་དང་ཁྱིམ་ཚང་།  སྤྱི་ཚོགས་བཅས་ལ་བཟོ་བའི་གནོད་འཚེ་རྟོགས་སུ་བཅུག་ནས།   ཚང་མས་དུག་རྫས་མཉམ་འགོག་དང་དུག་འགོག་འཐབ་རྩོད་དུ་ཞུགས་ཏེ།    དཔལ་ཡོན་དང་འཆམ་མཐུན་ལྡན་པའི་མཛོད་དགེ་བསྐྲུན་པར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་བོ་འདོན་སྤྲོད་བྱེད་པར་སྐུལ་འདེད་བཏང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1