གཅའ་རོ་གྲོང་རྡལ་གྱི་དབྱར་དུས་ཀྱི་འབྲོག་ལས་ཚོགས་ཆེན་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-02



        ཟླ་7ཚེས་29ཉིན། ལོ་རྒན་བདུན་ཅུ་སྤྲོ་བས་བསུ། འབྱོར་ལྡན་ཕྱུགས་ལས་མཉམ་དུ་གླེང་ཞེས་པ་བརྗོད་དོན་དུ་བཟུང་སྟེ། 2023ལོའི་རྔ་བ་རྫོང་གཅའ་རོ་གྲོང་རྡལ་གྱི་དབྱར་དུས་ཀྱི་འབྲོག་ལས་ཚོགས་ཆེན་འཚོགས། ལས་བྱེད་དང་མང་ཚོགས་བསྡོམས་པས་1800ལྷག་མགོ་འཛུགས་མཛད་སྒོར་ཞུགས་ཡོད།

        ཕྱོགས་བཞི་མཚམས་བརྒྱད་ནས་འོངས་བའི་འབྲོག་པ་རྣམས་ཀྱི་ལུས་ལ་འཕྱོར་ལྭ་གྱོན་ཞིང་གདོང་ལ་འཛུམ་གྱིས་ཁེངས་ཏེ་གནས་འདིར་འཛོམས། མིག་དབང་འཕྲོག་པའི་རིག་རྩལ་འཁྲབ་སྟོན་ལས་འབྲོག་ལས་ཚོགས་ཆེན་གྱི་མགོ་ཡོངས་སུ་བརྩམས། སྐྱིད་པའི་ཉི་མ་ཞེས་པའི་དཀྲོལ་ལེན་དང་དུས་རབས་ཀྱི་མེ་ལྕེ་ཞེས་པའི་ཞབས་བྲོ། རྩྭ་ཐང་གི་འབྲོག་གླུ་ཅེས་པའི་གླུ་དབྱངས་སོགས་ལེ་ཚན་14རེས་མོས་ཀྱིས་འཁྲབ་སྟོན་བྱས་ཏེ། ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ། 

        བྱ་འགུལ་ཁྲོད། རྫོང་རིམ་པའི་འབྲེལ་གཏུགས་འགོ་ཁྲིད་དང་རྫོང་རིམ་པའི་འབྲེལ་གཏུགས་ལས་ཁུངས་ཀྱི་འགན་འཁུར་བས་2023ལོའི་གཅའ་གྲོང་རྡལ་གྱི་དཔེ་སྟོན་མི་སྣ་ལ་བྱ་དགའ་སྤྲད།

        རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འབྲོག་ལས་ཚོགས་ཆེན་ཉིན་4ལ་འཚོགས་རྒྱུ་ཡིན། གཅའ་ལུག་དང་གཅའ་ནོར་གྱི་ཡག་འགྲན། མཐོ་མཆོང་། རྨི་2000གི་རྐང་རྒྱུགས་འགྲན་སྡུར། འཕྲུལ་རྟ་དལ་བགྲོད། ལྗིད་འདེགས་དང་རྟ་རྒྱུགས་སོགས་ཀྱི་འགྲན་སྡུར་རྣམ་གྲངས་སོགས་ཡོད།

          ཐེངས་དེའི་འབྲོག་ལས་ཚོགས་ཆེན་སྤེལ་བ་བརྒྱུད་དེ། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མི་རིགས་སྲོལ་རྒྱུན་གྱི་ལུས་རྩལ་སྙིང་སྟོབས་དར་སྤེལ། རིག་གནས་ཀྱི་ཁོར་ཡུག་ལེགས་པོ་བཅས་བསྐྲུན་ཏེ། གྲོང་རྡལ་ཡོངས་ཀྱི་མང་ཚོགས་བར་གྱི་རིག་གནས་སྤེལ་རེས་དང་མཛའ་མཐུན་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཡོད། གཅའ་གྲོང་རྡལ་གྱི་གྲོང་དཔོན་ཀྲང་ཀྲི་ཀའོ་ཡིས་བཤད་རྒྱུར། འབྲོག་ལས་ཚོགས་ཆེན་འདི་སྤེལ་བའི་དམིགས་ཡུལ་ནི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་ཐོན་ལས་འཕེལ་རྒྱས་སྐུལ་འདེད། ས་གནས་ཀྱི་ཕྱུགས་རིགས་ཀྱི་ཚོང་རྟགས་འཛུགས་པ་དང་སྲུང་སྐྱོབ་བྱེད་པར་སྐུལ་སློང་བྱས་ཏེ། མགྱོགས་མྱུར་སྒོས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འབྲོག་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1