སྐྱེ་ཁམས་སྲུང་སྐྱོང་གི་བཅའ་ཁྲིམས་དྲིལ་སྒྲོག་ལ་ཤུགས་སྣོན་གྱིས་མཐོ་སྒང་གི་ནེའུ་གསིང་སྲུང་སྐྱོང་གནང་།

འཕྲིན་སྤེལ་བ། དཔལ་མགོན། རྩོམ་སྒྲིག་པ།སངས་རྒྱས་ནོར་བུ།ཡོང་ཁུངས། སྤེལ་དུས། 08-07


    མཛོད་དགེ་རྫོང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོས་དུས་སྐབས་བཟང་བོའི་གནད་འགག་དམ་འཛིན་སྒོས།  རྫོང་ཡོངས་ཀྱི་མང་ཚོགས་བྱེད་སྒོ་གལ་ཆེན་གཅིག་བསྡུས་སུ་སྤེལ་བར་བརྟེན་པས།  གོ་སྐབས་དམ་འཛིན་དང་རྩོལ་བ་ཆུང་རུང་ཕན་པ་ཆེ་བའི་དྲིལ་སྒྲོག་ཕན་འབྲས་ལོན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཉམས་ལེན་ཟབ་མོས།  སྐྱེ་ཁམས་ཁྲིམས་སྐྱོང་དང་སྲུང་སྐྱོང་བཅོས་སྐྱོང་བཅས་ཀྱི་ལས་ཀར་ཤུགས་སྣོན་སྒོས།   མཛོད་དགེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རམ་འདེགས་བྱེད་ཆེད།  ཟླ8པའི་ཚེས2ཉིན།  མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས2023ལོའི་མཛོད་དགེ་རྫོང་རྨ་རྒྱུད་རྟ་མཆོག་ཨ་མདོའི་རྟ་རྒྱུག་དུས་སྟོན་དང་བསྟུན་ཏེ།   རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི་སྟོད་རྒྱུད་འདུ་ཤེས་ཇེ་ཆེ་དང་སྟོད་རྒྱུད་ལས་འགན་ཕྲག་ཏུ་ཁུར་ནས།  ཕྱུགས་སྐྱོང་ཚད་བརྒལ་གནས་ཚུལ་བཅོས་སྐྱོང་དང་རྩྭ་ཕྱུགས་དོ་སྙོམས་ལ་སྐུལ་འདེད།  རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་བཅས་གཙོ་གནད་ལས་ཀར་བཟུང་སྟེ།  ཁྲིམས་སྐྱོང་དྲིལ་སྒྲོག་པ་དང་ཁྲིམས་རྩོད་པ།  མི་དམངས་འདུམ་འགྲིག་པ་བཅས་བཅའ་ཁྲིམས་ལས་རིགས་ཀྱི་མི་སྣ་རྩ་འཛུགས་སྒོས།   རྟ་རྒྱུག་དུས་སྟོན་གྱི་ཡུལ་དངོས་སུ་བསྐྱོད་དེ། ཁྲིམས་ཀྱི་འོད་སྣང་གིས་རྩྭ་ཐང་ལ་བདེ་སྐྱིད་བསྐྲུན་ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་རྩྭ་ཐང་གི་བརླན་ས་སྲུང་སྐྱོང་ཆེད་དོན་ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ།

    ཐེངས་འདིའི་བྱེད་སྒོ་ནི་ཁྲིམས་སྐྱོང་འཆད་ཁྲིད་དང་བཅའ་ཁྲིམས་དང་སྲིད་ཇུས་བློ་འདྲི།  ཁྲིམས་གདལ་ཐོན་རྫས་སྟེར་བ་བཅས་ཀྱི་ལམ་ནས་སྤེལ།  སྒྲོག་འགྲེལ་བས་ཕྱུགས་འགོག་པ་ལས་གསོ་སྤེལ་མི་འགོག་པ་དང་། ཕྱུགས་གྲངས་ཉུང་གཏོང་ལས་ཡོང་འབབ་ཉུང་དུ་མི་གཏོང་བའི་ལས་སྒྲུབ་རིག་ལམ་ལ་དམིགས་ཏེ།   འབྲོག་ཁུལ་དུ་ཚན་རིག་གི་གསོ་སྤེལ་ལག་རྩལ་ཁྱབ་གདལ་དུ་གཏོང་བའི་སྐྱེ་ཁམས་དོན་སྙིང་དང་ལོན་ཟིན་པའི་གྲུབ་འབྲས་དྲིལ་སྒྲོག་སྒོས།   ཉེ་བའི་ལོ་ཤས་རིང་མཛོད་དགེ་དང་ཉེ་འཁོར་ས་ཁུལ་གྱི་འདམ་སོལ་རྐུ་སྔོག་དང་།  བརླན་སའི་རྩྭ་ཐང་ཁོར་ཡུག་བརླགས་པ་སོགས་གྱོད་དཔེ་ངོ་མར་འབྲེལ་ཏེ།  བོད་སྐད་ཀྱིས་གོ་སླ་བའི་སྒོ་ནས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།   དེང་རབས་ཕྱུགས་ལས་ལག་རྩལ་སོགས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཁྲིམས་སྲོལ་ཤེས་བྱ་འགྲེལ་བཤད་སྒོས།   འབྲོག་པ་མང་ཚོགས་ལ་དེང་རབས་ཕྱུགས་ལས་ཁྱབ་གདལ་གཏོང་ཐབས་དང་རྩྭ་ཐང་རྒྱུན་མཐུད་ཀྱིས་འཕེལ་བ་མངོན་དུ་འགྱུར་བའི་དོན་སྙིང་དང་ཕན་ནུས་གལ་ཆེན་རྒྱུས་ལོན་བྱེད་དུ་བཅུག་སྟེ།   ཁོར་ཡུག་གཏོར་བརླག་གི་གནོད་པ་ཆེ་ཞིང་བཅའ་ཁྲིམས་ལས་འགན་འཁུར་དགོས་པ་རྟོགས་སུ་བཅུག་ནས།  རྒྱ་ཆེའི་འབྲོག་པ་མང་ཚོགས་མཛོད་དགེའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་ཏུ་ཞུགས་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་གནང་།

    བྱེད་སྒོའི་ཡུལ་དངོས་དགའ་སྤྲོས་ཁེངས་ཤིང་མང་ཚོགས་ཀྱི་ཞུགས་ཚད་མཐོ་ལ།  བསྡོམས་པའི་ཁྲིམས་གདལ་དངོས་རྫས100སྟེར་ཞིང་སྒྲོག་ཤོག500ལྷག་བཀྲམ་པ་དང་།   མི་ཐེངས6གི་བཅའ་ཁྲིམས་བློ་འདྲིར་ལན་བཏབ་ཅིང།  སློབ་གསོ་ཐེབས་པའི་མི་གྲངས་མི་ཐེངས700ལྷག་ཟིན།

ཁྲིམས་སྐྱོང་དྲིལ་སྒྲོག་དེ་མང་ཚོགས་ཀྱི་སྲོལ་རྒྱུན་རོལ་རྩེད་བྱེད་སྒོ་དང་འགྲན་སྡུར་བྱེད་སྒོ་གལ་ཆེན་དང་ཟུང་དུ་འབྲེལ་ཏེ།  བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་རོལ་རྩེད་རྣམ་པས་སློབ་གསོ་བཏང་ནས།  འབྲོག་པ་མང་ཚོགས་ཀྱི་རྩྭ་ཐང་སྲུང་སྐྱོང་འདུ་ཤེས་སྔར་ལས་ཆེར་བཏང་སྟེ།   འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་དུ་ཞུགས་པའི་རང་རྟོགས་རང་བཞིན་ཆེར་བཏང་།   སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནི་ཕུགས་ཀྱི་འཕེལ་རྒྱས་དང་འབྲེལ་བའི་རྩ་བའི་ཇུས་ཆེན་ཡིན་པས། རྗེས་སོར་མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་སྒོས།  རང་ངོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་ཀྱིས་མཐོ་སྒང་གི་བརླན་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ།   ནུས་ཤུགས་ཡོད་རྒུས་མཛོད་དགེ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་སྲུང་སྐྱེལ་བྱེད་རྒྱུ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1