འཛམ་ཐང་རྫོང་གིས་བརྗོད་དོན་གཏམ་བཤད་འགྲན་སྡུར་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-08



འཛམ་ཐང་རྫོང་གིས་འོད་སྟོང་ལྡན་པའི་ལོ་ངོ་70དང་རྔ་ཁུལ་གསར་བར་འབད་པས་བསྐྱོད། སེ་འབྲུའི་མེ་ཏོག་བཞད། དག་ཞིང་རྔ་ཁུལ་མཛེས་ཞེས་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བརྗོད་དོན་གཏམ་བཤད་འགྲན་སྡུར་སྤེལ།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་དང་རྫོང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས་རྫོང་ཡོངས་ཀྱི་ཀྲུང་ཧྭ་|མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་ཆེད། ཟླ་8ཚེས་1ཉིན། འོད་སྟོང་ལྡན་པའི་ལོ་ངོ་70དང་རྔ་ཁུལ་གསར་བར་འབད་པས་བསྐྱོད། སེ་འབྲུའི་མེ་ཏོག་བཞད། དག་ཞིང་རྔ་ཁུལ་མཛེས་ཞེས་པའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་བརྗོད་དོན་གཏམ་བཤད་འགྲན་སྡུར་གྱི་རྟིང་རྩོད་འགྲན་སྡུར་འཛམ་ཐང་སྟོད་མར་སྤེལ།


    ཐེངས་དེའི་གཏམ་བཤད་འགྲན་སྡུར་གྱི་འགྲན་ཞུགས་པ་རྣམས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་རྒྱབ་ལྗོངས་འོག ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་ཟབ་པ་དང་ཞེ་སེམས་མཐུན་པོས་ཀྲུང་གོའི་ཕུགས་འདུན་བསྐྲུན་པའི་སྤྱིའི་དམིགས་འབེན་གཞིར་བཟུང་སྟེ། ལས་གནས་སུ་རྐང་བཙུགས་ཤིང་ཉེ་འགྲམ་གྱི་དཔེ་མཚོན་དང་དུས་རབས་ཀྱི་དཔེ་སྟོན་གཏམ་རྒྱུད་རེ་རེ་བརྩེ་བ་ཟབ་མོས་བཤད་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་རོལ་དབྱངས་དཀྲོལ་བ་དང་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་བསྩལ་བ། ཤུགས་ཆེན་པོས་རྒྱལ་གཅེས་རིང་ལུགས་ལྟེ་བ་བྱས་པའི་མི་རིགས་སྙིང་སྟོབས་དར་སྤེལ་བཏང་ནས་ཁྱོན་ཡོངས་ནས་དུས་རབས་གསར་བའི་གཞོན་ནུའི་སྟོབས་ཤུགས་ཕུལ།  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1