གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༢༦ཉིན།

ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར་ཐོག་མ་བྱུང་།

 

ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར།

         ཉེ་ལམ། ཨ་རིའི་གྷོའུ་གྷོ་(Google)ཚོང་གཉེར་ཚོགས་པས་ཇུས་འགོད་བྱས་པའི་འཛམ་གླིང་ཡོངས་ཀྱི་ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར་ཐོག་མ་(Google Driverless Car)དེ་ཚོགས་པ་དེའི་སྤྱི་ཁྱབ་ལྟེ་གནས་ཡོད་ས་ཁ་ལི་ཧྥོར་ནེ་ཡའི་མོན་ཐེན་ཝོའུ་(Mountain View)ཞེས་པའི་གྲོང་ཁྱེར་གྱི་སྲང་ལམ་དུ་བསྐྱོད་མགོ་བརྩམས་ཤིང་། རྙོག་འཛིང་ལྡན་པའི་གྲོང་ཁྱེར་གྱི་གཞུང་ལམ་ཐོག་བསྐྱོད་ན་གནས་ཚུལ་ཅི་ཞིག་འབྱུང་སྲིད་པའི་སྐོར་ལ་ཚོད་ལྟ་བྱས་པར། རླངས་འཁོར་དེ་ལམ་ནས་མི་དང་འཕྲད་སྐབས་གཡོལ་ཤེས་པ་དང་གློག་དམར་པོ་ཤར་སྐབས་འགྲོ་མཚམས་འཇོག་ཤེས་པ་སོགས་ཚོད་ལྟའི་འབྲས་བུ་དགའ་འོས་པ་ཐོབ་འདུག་ལ། མ་འོངས་པར་ཚོང་ར་རུ་འདོན་པར་ཡིད་ཆེས་སྔར་བས་ཆེན་པོ་བསྩལ་ཡོད།

 

ཁ་ལོ་བ་མི་དགོས་པའི་རང་བསྐོར་རླངས་འཁོར།

          རང་བསྐོར་རླངས་འཁོར་འདི་ནི་ལོ་6ཙམ་གྱི་གོང་གསར་དུ་བཏོད་ཅིང་། ལོ་6ཙམ་རིང་རླངས་འཁོར་ཁ་ལོ་སྦྱོང་སའི་ར་བའི་ནང་ཡང་དང་བསྐྱར་དུ་ཚོད་ལྟ་ཞིབ་མོ་བྱས་ཤིང་། ད་སྔའི་བར་རང་འགུལ་སྒོས་སྤྱི་ལེ་ས་ཡ་1དང་འབུམ་6ལྷག་ཙམ་བསྐྱོད་ཡོད།

 

            རླངས་འཁོར་འདི་གསར་བཟོ་གནང་མཁན་གཙོ་བོ་ཨ་རིའི་སི་ཐན་ཧྥོར་ཌི་སློབ་གྲྭ་ཆེན་མོའི་གློག་ཀླད་ཞིབ་འཇུག་པ་སྐུ་ཞབས་སེ་པཱ་སི་ཐན་སུན། རླངས་འཁོར་འདི་ནི་ད་ལོར་ལོ་ན་48ལ་སོན་པའི་ཨ་རིའི་སི་ཐན་ཧྥོར་ཌི་སློབ་གྲྭ་ཆེན་མོའི(Stanford University)གློག་ཀླད་ཞིབ་འཇུག་པ་སྐུ་ཞབས་སེ་པཱ་སི་ཐན་སུན(Sebastian Thrun)ཞེས་པའི་མགོ་ཁྲིད་པའི་གྷོའུ་གྷོ་ཚོགས་པའི་ཞིབ་འཇུག་རུ་ཁག་ཅིག་གིས་ཞིབ་འཇུག་དང་གསར་བཟོ་གནང་། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1