ཤང་ཀང་དུ་ནང་བསྟན་གྱི་ཐང་གའི་སྒྱུ་རྩལ་དང་བོད་བརྒྱུད་ནང་བསྟན་གྱི་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


         ཉེ་ཆར་ཤང་ཀང་ཏ་ཅུའེ་ཧྥུའུ་ཧང་ལྟེ་གནས་དང་ཁེ་ན་ཏའི་པའོ་ལིན་ནང་བསྟན་སློབ་སྦྱོང་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ནང་བསྟན་གི་ཐང་གའི་སྒྱུ་རྩལ་དང་བོད་བརྒྱུད་ནང་བསྟན་གྱི་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་ཤང་ཀང་དུ་འགྲེམས་སྟོན་བྱེད་འགོ་བརྩམས་ཤིང་། འགྲེམས་སྟོན་དངོས་པོ་ཁྱོན་བསྡོམས་150ལྷག་ཙམ་ཡོད་ཅིང་། དེའི་ཁྲོད་ནང་བསྟན་གྱི་འཇིམ་བརྐོས་དང་། བོད་བརྒྱུད་ནང་བསྟན་གྱི་ཆོས་ཆས། གནའ་བོའི་ཐང་ག་སོགས་ཡོད་པ་རེད། ལྟ་སྐོར་བྱེད་མཁན་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་སྔོན་ལ་བསྐྱོད་པ་དང་གནའ་དེང་བར་ཕར་འགྲོ་ཚུར་ཡོང་བྱས་པ་ལྟར་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་ལ་མྱོང་ཚོར་ཟབ་པོ་བྱ་ཐུབ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1