༄༅། །ཆུ་ལོག་བྱུང་སྐབས་ཇི་ལྟར་རང་ཉིད་སྲུང་སྐྱོབ་བྱ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 08-10



1.སེམས་ལ་འཚུབ་ཆ་མེད་པར་ལམ་སང་རང་ཉིད་ཁོར་ཡུག་གང་དུ་ཡོད་པར་བརྡར་ཤ་གཅོད་པ་དང་། གང་མགྱོགས་སྒོས་རི་མགོ་སོགས་ཅུང་མཐོ་སར་གནས་སྤར་དགོས་ལ། གལ་ཏེ་ལམ་སང་འབྲོ་མི་ཐུབ་ན། ལྟོས་བཅས་སུ་བདེ་འཇགས་ཡིན་པའི་ས་ཞིག་བདམས་ནས་ཆུ་ལོག་ལ་གཡོལ་དགོས། 

2.ལམ་རྟགས་ལ་གསལ་བོར་བལྟས་ཏེ་ཕྱིར་འབྲོ་སའི་ལམ་ཐིག་དང་དམིགས་ས་གཏན་ཁེལ་བྱ་དགོས་པ་དང་། དངངས་སྐྲག་སྐྱེས་ཏེ་ལམ་ནོར་བར་གཟབ་དགོས།


3.ཉིན་འགའ་ལ་འདངས་པའི་མགྱོགས་ཟས་དང་བཙོས་ཟིན་པའི་ཟ་མ། འཐུང་ཆུ། རྒྱུན་སྤྱོད་དངོས་པོ་སོགས་གྲ་སྒྲིག་བྱས་ཏེ། ཆུ་ལོག་བྱུང་སྐབས་གནས་སྤོར་ལོང་མ་བྱུང་བ་རྣམས་ཐག་ཉེ་སའི་རི་མགོ་དང་། སྒྲིག་གཞི་ཅུང་སྲ་བརྟན་ཡིན་པའི་ཐོག་བརྩེགས་མཐོ་ས། ས་བབ་མཐོ་ས་སོགས་སུ་འབྲོ་དགོས། 


4.ས་ཁང་དུ་སྡོད་པའི་མི་རྣམས་ལ་ཆུ་ལོག་གིས་གནས་སྤོར་ལོང་མ་བྱིན་ཚེ། མྱུར་བར་ཤིང་སྒོ་དང་ཅོག་ཙེ། རྐུབ་སྟེགས། ཤིང་གི་མལ་ཁྲི་སོགས་དང་། ལྦུ་སོབ་འགྱིག་རྒྱུ་ཆེ་རིགས་སོགས་ཆུ་ཁར་གཡེང་སླ་བའི་རྒྱུ་ཆ་གྲུ་གཟིངས་བྱས་ཏེ་སྲོག་ཐར་ཐབས་བྱ་དགོས།

5.གལ་ཏེ་ཆུ་ལོག་གིས་ཡོངས་སུ་བསྐོར་ན། ཐབས་ཤེས་གང་ཡོད་ཀྱིས་ས་གནས་སྲིད་གཞུང་དང་སྡེ་ཁག་ལ་འབྲེལ་གཏུག་བྱས་ཏེ། རང་ཉིད་ཀྱི་གནས་ཡུལ་དང་ཉེན་ཁའི་གནས་ཚུལ་སོགས་སྙན་སེང་ཞུས་ནས་རོགས་སྐྱོབ་ཐོབ་ཐབས་བྱ་དགོས།  

6.ཆུ་ལ་བརྐྱལ་ཏེ་འབྲོ་ཐབས་གཏན་ནས་བྱ་མི་རུང་ལ། གློག་ཡོད་པའི་གློག་སྡོང་དང་ལྕགས་སྒྲོམ་སོགས་སུ་འགོ་མི་རུང་བ་དང་། གློག་སྡོང་བསེགས་པ་དང་གློག་སྐུད་ཆད་ཡོད་པ་སོགས་དང་རྒྱང་གཅོད་དགོས། 

7.གལ་ཏེ་ཆུ་ལོག་གིས་ཁུར་བ་ཡིན་ན། ཆུ་ཁར་གཡེང་སླ་བའི་དངོས་པོ་འཛིན་ཅི་ཐུབ་བྱས་ཏེ་སྲོག་ཐར་ཐབས་ལ་བརྩོན་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1