ཞི་ཅིན་ཕིང་གིས་འཕྲིན་སྦྱོར་གསར་པའི་ཁྲོད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་ཁག་གི་ལས་ཀར་ཤུགས་སྣོན་དང་འཐུས་ཚང་དུ་གཏང་དགོས་ཞེས་བསྟན་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-26


          ཉེ་ཆར། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་ཀའི་གྲོས་ཚོགས་དེ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་སུ་གསུང་བཤད་གལ་ཆེན་གནང་།

           ཞི་ཅིན་ཕིང་གིས། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་། ཏེན་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་བསམ་བློ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་མཛུབ་སྟོན་བཅས་རྒྱུན་འཁྱོངས་བྱ་རྒྱུ། འཐབ་ཕྱོགས་གཅིག་གྱུར་ལས་ཀའི་འགྲོ་ཕྱོགས་ལ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ། འཐབ་ཕྱོགས་གཅིག་གྱུར་ལས་ཀ་ནན་ནན་ཏན་ཏན་གྱིས་བསྒྲུབ་རྒྱུ། གཞི་རྒྱ་ཆེས་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ལམ་བུ་ཇེ་བརྟན་དུ་གཏང་རྒྱུ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་བཞི་ཡི་འཐབ་ཇུས་སྒྲིག་གཞིར་སྐུལ་འདེད་གཏང་དགོས་ལ། འཕྲིན་སྦྱོར་གསར་པའི་ཁྲོད་ཀྱི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་ཁག་གི་ལས་ཀར་ཤུགས་སྣོན་དང་འཐུས་ཚང་དུ་གཏང་དགོས་ཞེས་བསྟན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1