“འབྲི་ཆུའི་ཆུ་ཐིགས་ཐོག་མ”ཞེས་པའི་རྡོ་རིང་ནག་ཆུར་བཙུཊ་འདུག

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 08-11



       སྤྱི་ཟླ་8ཚེས་1ཉིན“འབྲི་ཆུའི་ཆུ་ཐིགས་ཐོག་མ”ཞེས་པའི་རྡོ་རིང་འཛུགས་པའི་མཛད་སྒོ་དེ་གདང་ལའི་རི་རྒྱུད་ཀྱི་ཀུ་ལྷ་དར་གདོང་གངས་རིའི་འདབས་སུ་གཉེར་ཤིང་། ཆུ་བེད་པུའུ་དང་ནག་ཆུ་གྲོང་ཁྱེར་གྱི་འབྲེལ་ཡོད་ཚན་པའི་འཐུས་མིས་ཐུན་མོང་ཐོག་བདེན་དཔང་བྱས་ཡོད། 

       ཆུ་བེད་པུའི་ཆུའི་ཐོན་ཁུངས་དོ་དམ་ལྟེ་གནས་ཀྱི་ཁྲུའུ་ཀྲང་གཞོན་པ་ཀྲང་ཡོན་ཏུང་གིས། དེ་རིང་ང་ཚོས་འདིར“འབྲི་ཆུའི་ཆུ་ཐིགས་ཐོག་མ”ཞེས་པའི་རྡོ་རིང་འཛུགས་པའི་མཛད་སྒོ་གཉེར་བ་དེའི་ཐོག་ནས་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་པའི་ལས་དོན་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་མཚོན་གྱི་ཡོད་ཅིང་། གང་དེས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགོ་བཙུགས་ཡོད། ང་ཚོས་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་གི་ལས་དོན་དེ་བས་ཏན་ཏིག་ངང་བསྒྲུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། 

       “འབྲི་ཆུའི་ཆུ་ཐིགས་ཐོག་མ”དེ་ནི་མཚོ་བོད་མཐོ་སྒང་གི་གདང་ལའི་རི་རྒྱུད་ཀྱི་ཀུ་ལྷ་དར་གདོང་གངས་རི་ནས་བཞུར་འོང་ཞིང་། དེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གནས་ཡོད།

 

       ནག་ཆུ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་བསྟན་པ་ལགས་ཀྱིས། ང་ཚོས་འབྱུང་ཁམས་སྔོན་འགྲོ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། ལོ་ལྟར་ཆུ་དཔོན་དང་མཚེའུ་དཔོན་གྱི་ལས་ཀའི་འཆར་གཞི་གཏན་འབེབས་བྱེད་པ་དང་། ཆུ་དཔོན་དང་མཚེའུ་དཔོན་གྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཆུས་དང་གྲོང་ཁྱེར། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་གཙང་དཔོན་དང་མཚེའུ་དཔོན་གྱི་གཙང་པོའི་ཆུ་འགོ་སྲུང་སྐྱོང་དང་དོ་དམ་ལས་དོན་དོན་འཁྱོལ་བཅས་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས། ཉེ་བའི་ལོ་ཤས་རིང་འབྲི་ཆུའི་ཆུ་འགོ་དང་འདམ་ར། འཁྱག་རོམ། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་བཅས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་གསུངས་པ་རེད།

 

       ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་སྤྱི་ཟླ་5པར་གཙང་ཆུའི་ཆུ་འགོ་སྲུང་སྐྱོང་དྲིལ་བསྒྲགས་ཀྱི་རྡོ་རིང་འཛུགས་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ལས་དོན་དེར་ཡོན་ཧྲི་5དང་སློབ་གླིང་3 ཚན་པ་1བཅས་ཀྱིས་སྣེ་སྟོན་དང་མིང་རྟགས་འགོད་པར་རྒྱབ་སྐྱོར་ཐོབ་ཡོད། གཞན་ཡང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཆུ་བེད་ཅུས་ཀྱིས་སྔ་རྗེས་སུ་རྫ་ཆུ་(དམུ་ཆུ། སངས་ཆུ།)དང་ལྷ་སའི་སྐྱིད་ཆུ། ཡིད་འོང་གཙང་པོ་བཅས་ཀྱི་གཙང་ཆུའི་ཆུ་འགོའི་རྡོ་རིང་འཛུགས་པའི་མཛད་སྒོ་གཉེར་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1