འོང་སྐོར་དགའ་སྤྲོའི་ངང་གཏོང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-15


        ཉེ་དུས་ལྷ་སར་ལོ་གཅིག་དུས་གཅིག་གི་འོང་སྐོར་གཏོང་འགོ་ཚུགས་པས་ས་གནས་མང་པོས་ལོ་ལེགས་བྱུང་བའི་རྟེན་འབྲེལ་བྱེད་སྒོ་སྤེལ་ནས་ཞིང་ལ་ལོ་ལེགས་ཡོང་བ་དང་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལོ་ངོ་1500ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འོང་སྐོར་ནི་རང་ལྗོངས་ཀྱི་སོ་ནམ་པ་ཚོས་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་སྲོལ་རྒྱུན་བྱེད་སྒོ་ཞིག་རེད། ས་གནས་སོ་སོའི་ལོ་ཏོག་སྨིན་ཚུལ་མི་འདྲ་བས་འོང་སྐོར་གཏོང་བའི་དུས་ཚོད་ཀྱང་གཅིག་པ་མིན། 2014ལོར་འོང་སྐོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་བཞི་པའི་ནང་བཅུག་པ་རེད།


འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གད་ལ་ཧོར་གྲོང་ཚོས་ལོ་ལེགས་བྱུང་བའི་འོང་སྐོར་བྱེད་སྒོའི་ཐོག་ཞིང་འབྲོག་པས་རྟ་རྒྱུག་རྒྱུག་བཞིན་པ།


འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་གད་ལ་ཧོར་གྲོང་ཚོའི་ཡུལ་མིས་གླུ་ལེན་གར་འཁྲབ་བྱས་ཏེ་འོང་སྐོར་དགའ་གཏོང་བྱེད་བཞིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1