༄༅། །གངས་ལྷའི་བརྩེ་སེམས་ཚོགས་པ་ངོ་སྤྲོད།

ཚེ་དབང་དཔལ་འབྱོར་གྱིས་བསྒྲིགས། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 05-26


    ངེད་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་གངས་ལྷའི་བརྩེ་སེམས་ཚོགས་པ་ནི་སྤྱི་ལོ་༡༩༩༨ལོར་བོད་རིགས་སློབ་མ་འགས་གཙོ་གཉེར་བྱས་པའི་བོད་ཡིག་སློབ་ཚོགས་ཞིག་ཡིན་ལ་སྤྱི་ལོ་༢༠༠༣ལོར་སྔོན་གྱི་"བོད་ཡིག་སློབ་ཚོགས་"ཞེས་པ་ནས་ད་ལྟའི་གངས་ལྷའི་བརྩེ་སེམས་ཚོགས་པ་ཞེས་པར་དངོས་སུ་མིང་བསྒྱུར་བྱས་པ་ཞིག་ཡིན། ཚོགས་པའི་རྩ་འཛུགས་གྱི་སྒྲིག་གཞིའི་ངོས་ན་བརྗོད་ན་ཚོགས་པ་ཁྱོན་ཡོངས་ལ་ཡིག་བསྒྱུར་པུའུ། དྲིལ་བསྒྲགས་ པུའུ།རྩོམ་སྒྲིག་པུའུ།རིག་རྩལ་པུའུ།ཡིག་གཟུགས་པུའུ་བཅས་ཁག་ལྔ་ལས་གྲུབ་ཡོད།ངེད་ཚོགས་པ་འདི་དབུ་བརྙེས་པ་ནས་ད་བར་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་"ཕུལ་བྱུང་སློབ་ཚོགས་"དང་"སྔོན་ཐོན་སློབ་ཚོགས་"སོགས་ཀྱི་བྱ་དགའ་ཐེངས་མང་ཐོབ་མྱོང་ལ་སྤྱི་ལོ་༢༠༠༧ལོར་བོད་རང་སྐྱོངས་ཀྱི་"ཕུལ་བྱུང་སློབ་ཚོགས་"ཀྱི་མཚན་སྙན་ཡང་ ཐོབ་མྱོང་ཡོད། རྣམ་ཀུན་གྱི་བྱེད་སྒོའི་ངོས་ན་བརྗོད་ན་ངེད་ཚོགས་པས་གཟའ་འཁོར་རེའི་རེས་གཟའ་སྤེན་པའི་དགོང་མོའི་དུས་ཚོད་བེད་སྤྱད་ནས་རྒྱ་ཆེའི་བོད་སྐད་ཡིག་ལ་དགའ་ཞེན་ཆེ་བའི་སློབ་མ་ཡོངས་ལ་བོད་ཡིག་སློབ་ཚན་གསབ་འཁྲིད་དང།རྒྱ་བོད་ཡིག་བསྒྱུར་དེ་བཞིན་གཏམ་བཤད་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར།ཡིག་གཟུགས་བསླབས་པ། བོད་ཡིག་ཡིག་རྒྱུགས་གཏོང་བ་སོགས་ཀྱིས་བྱེད་སྒོ་བཀོད་སྒྲིག་བྱས་ཏེ་གངས་ལྷའི་བརྩེ་སེམས་ཚོགས་པའི་ཚོགས་མིས་གཙོས་པའི་བོད་སྐད་ཡིག་ལ་དགའ་ཞེན་ཆེེེེེ་བའི་སློབ་མའི་ཚོགས་ལ་བོད་ཡིག་རྨང་གཞི་སྲ་བརྟན་གཏོང་ཐབས་བྱེད་བཞིན་ཡོད།དེ་བཞིན་ཤེས་རིག་འགྲན་བསྡུར་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་པའི་ངོ་མཚར་རིག་གནས་མང་དག་ཞིག་རྒྱུད་སྤྲོད་བྱེད་བཞིན་ཡོད།

    《སིང་སིང་དྲིལ་བུ་》དང་《གངས་ལྷའི་སྨྱུག་རིས་》གཉིས་ནི་ངེད་ཚོགས་པས་གཉེར་བའི་ཚོགས་མིའི་རྩོམ་ཡིག་དང་ཡིག་གཟུགས་བརྩམས་བྱ་བཅས་ལས་གྲུབ་པའི་དུས་དེབ་ཞིག་ཡིན། ལྷག་པར་དུ་《སིང་སིང་དྲིལ་བུ་》དེ་ཉིད་ངེད་ཚོའི་མིག་ལམ་དུ་བཤམས་པ་དེ་ནི་གཅིག་ནས་ཕ་སྐད་ལ་ཤ་ཞེན་ཆེབའི་ཚོགས་མི་རྣམས་ཀྱི་མི་རིགས་འདི་དང་སྐད་ཡིག་འདི་ལ་བཅངས་པའི་དུང་བ་།ཞིག་མཚོན་ཡོད་ལ་གཉིས་ནས་ནང་སར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་མའི་ཚོགས་ལ་རང་རང་གི་རྩོམ་འབྲིའི་ནུས་རྩལ་ངོམས་ཆེད་དུ་སྤེལ་བའི་རིན་བྲལ་གྱི་དུས་དེབ་ཞིག་ཀྱང་ཡིན།ངེད་ཚོགས་པའི་ཚོགས་མིས་བྲིས་པའི་རྩོམ་ཡིག་མང་དག་ཞིག་《བོད་ལྗོངས་ཉིན་རེའི་ཚགས་པར་》དང་དེ་བཞིན་《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ་》སོགས་དུས་དེབ་ནང་སྤེལ་མྱོང་ཡོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1