ཨ་རིའི་བྱིས་པ་ཞིག་གིས་ལོ་གཅིག་གི་ནང་དངོས་གཞིའི་བསླབ་གནས་གསུམ་བླངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-27


བུ་ཆུང་ཐ་ཉི་ཧྲི་ཡ་པོ་ལ་ཧན་མེ་གླིང་ཆུ་བོ་སློབ་གླིང་གི་མཐར་ཕྱིན་མཛད་སྒོར་ཞུགས་པའི་འདྲ་པར།

   ལོ་11ཅན་གྱི་བུ་ཆུང་ཐ་ཉི་ཧྲི་ཡ་པོ་ལ་ཧན་གྱིས་ལོ་གཅིག་ནང་སྐར་གྲངས་མཐོ་ཤོས་བླངས་ཏེ་སློབ་ཆེན་མཐར་ཕྱིན།

   སྤྱི་ཟླ་5པའི་ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་ཕྱི་རྒྱལ་འཕྲིན་སྦྱོར་གྱིས་གསར་འགྱུར་སྤེལ་བ་ལྟར་ན། ཨ་རི་ཁ་ལི་ཧྥོར་ཉི་ཡའི་ལོ་11ཅན་གྱི་བུ་ཆུང་ཐ་ཉི་ཧྲི་ཡ་པོ་ལ་ཧན་(Tanishq Abraham)གྱིས་ལོ་གཅིག་ནང་དངོས་གཞིའི་བསླབ་གནས་(Associate´s Degree)གསུམ་བླངས་པར་མ་ཟད། འབུར་དུ་ཐོན་པའི་སྐར་གྲངས་བླངས་ནས་སློབ་ཆེན་གྱི་སློབ་མཐར་ཕྱིན་ཞེས་བཤད།

   ཚེས་20ཉིན། ཐ་ཉི་ཧྲི་ཁ་ལི་ཧྥོ་ཉི་ཡ་ན་ཡོད་པའི་མེ་གླིང་ཆུ་བོ་སློབ་གླིང་གི་མཐར་ཕྱིན་མཛད་སྒོར་ཞུགས་པ་དང་། ཁོས་བཤད་རྒྱུར། ཁོ་ལ་མཚོན་ན་དེ་ལས་སླ་པོ་ཞིག་རེད། སློབ་གྲོགས་ཁ་ཤས་ཧང་སང་གི་འདུག་མོད། འོན་ཀྱང་མང་ཆེ་བ་དེ་ལས་འཛིན་གྲྭའི་ནང་དུ་ན་ཆུང་བྱིས་པ་ཞིག་ཡོད་པ་དེ་ལ་ཡ་མཚར་གྱིན་འདུག ཁོའི་ཨ་མ་ཐ་ཇི་(Taji)ཡིས་བཤད་རྒྱུར། བྱིས་གཉོར་ཁང་ནས་བཟུང་ཐ་ཉི་ཧྲི་ཡིས་བྱིས་པ་གཞན་ལས་སློབ་སྦྱོང་བྱེད་སྔ་བ་རེད་ཅེས་བཤད།

  ཐ་ཉི་ཧྲི་ཡ་པོ་ལ་ཧན་གྱི་ཐེངས་རྗེས་མའི་འཆར་གཞི་ནི་གསོ་རིག་འབུམ་རམས་པའི་བསླབ་གནས་ལེན་རྒྱུ་དེ་ཡིན་ལ། མཐར་ཨ་མེ་རི་ཁའི་ཙུང་ཐུང་ལ་འདུག་འདོད་ཡོད་པ་དང་། ནོ་པེར་བྱ་དགའ་ཡང་ཐོབ་འདོད་ཀྱི་འདུན་པ་ཡོད་པར་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1