ཧུང་ཡོན་གྱིས་བྲུག་འགོག་གེགས་སེལ་གྱི་མཁོ་བསྟུན་འཁྲབ་སྦྱོང་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 08-21


   སྔར་ལས་ལྷག་པའི་སྒོ་ནས་རང་བྱུང་གནོད་སྐྱོན་གྱི་བདེ་འཇགས་ཉེན་ཟོན་གྱི་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་སྲུང་ནན་ཏན་བྱ་ཆེད། ཉེ་ཆར། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་གྱིས་2023ལོའི་བྲུག་འགོག་གེགས་སེལ་གྱི་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་སྤེལ།

   འཁྲབ་སྦྱོང་བྱེད་སྒོ་དེ་ནི་སྦྲ་ཆེན་གྲོང་རྡལ་གྱིས་རྩ་འཛུགས་བྱས་ཏེ་གྲོང་རྡལ་མངགས་གཏོང་ཁང་དང་གྲོང་རྡལ་འཕྲོད་བསྟེན་ཁང་། དེ་མིན་གྲོང་ཚོའི(སྡེ་ཁུལ)ཨུ་ལྷན་གཉིས་སོགས་ཀྱི་འབྲེལ་ཡོད་ལས་སྒྲུབ་མི་སྣ་དང་གྲོང་རྡལ་གྱི་ཡུལ་དམག་30ལྷག་ཙམ་འཁྲབ་སྦྱོང་ཁྲོད་དུ་ཞུགས་པ་དང་། འཁྲབ་སྦྱོང་བྱེད་སྒོ་རུ་འཁྲབ་སྦྱོང་རུ་ཁག་སོ་སོས་འཁྲབ་སྦྱོང་ཇུས་གཞིའི་གཏན་འབེབས་གོ་རིམ་ནང་བཞིན་མགྱོགས་མྱུར་ངང་གྲལ་སྒྲིག་པ་དང་། ལས་བགོ་བྱས་ནས་ཕན་ཚུན་བར་དུ་ལས་མཐུན་ཡོང་བ་དང་གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཉེན་སེལ་འཁྲབ་སྦྱོང་བདེ་ལེགས་ངང་མཇུག་སྒྲིལ།

   ཐེངས་དེའི་འཁྲབ་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད་དེ་གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་འཇགས་གནོད་འགོག་དང་གནོད་སེལ་གྱི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད་པར་མ་ཟད། ད་དུང་གྲོང་རྡལ་མཁོ་བསྟུན་ཉེན་སེལ་དཔུང་ཁག་གི་དངོས་འཐབ་གེགས་སེལ་གྱི་ནུས་པ་དང་མཁོ་བསྟུན་ཐག་གཅོད་བྱ་བའི་ནུས་པ་ཆེ་རུ་ཕྱིན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1