གཙོ་ངོས།>> གསར་འགྱུར།>>སི་ཁྲོན་གསར་འགྱུར།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༥ཚེས་༢༩ཉིན།

ཝང་ཏུང་མིང་གིས་བློ་བརྟན་འགྱུར་མེད་ཀྱིས་ནན་མོ་གསུམ་དང་དོན་དངོས་གསུམ་ལག་བསྟར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་མཆོང་བརྒལ་གཉིས་ལ་སྐུལ་སྤེལ་གཏང་དགོས་ཞེས་གསུངས།

          སྤྱི་ཟླ་5པའི་ཚེས་9ཉིན། སི་ཁྲོན་ཞིང་ཆེན་གྱི་ནན་མོ་གསུམ་དང་དོན་དངོས་གསུམ་གྱི་ཆེད་དོན་སློབ་གསོའི་ལས་ཀའི་བཞུགས་མོལ་གྲོས་ཚོགས་ཁྲིན་ཏུའུ་རུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཏང་གི་སློབ་ཁྲིད་ཀྱི་སྙན་ཞུ་ཕུལ་བ་རེད།

          ཝང་ཏུང་མིང་གིས་ཏང་གི་སློབ་ཁྲིད་སྙན་ཞུའི་ཁྲོད་དུ། རྫོང་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པར་ནན་མོ་གསུམ་དང་དོན་དངོས་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་ནི། ཀྲུང་དབྱང་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོའི་ལག་བསྟར་བྱེད་སྒོ་གོམ་གང་མདུན་སྤོས་ཀྱིས་ཟབ་སྤེལ་དང་ཇེ་བརྟན་དུ་བཏང་བའི་གྲུབ་འབྲས་ཡིན་ལ། དུས་བབ་གསར་པའི་འོག་གི་ཏང་གི་ཆབ་སྲིད་བསམ་བློ་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན་བྱ་བའི་ཆེད་དུ་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན། ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ནན་མོ་གསུམ་དང་དོན་དངོས་གསུམ་གྱི་གཞུང་ལུགས་གལ་ཆེན་དང་ལག་བསྟར་དོན་སྙིང་ལ་ངོས་འཛིན་ཟབ་མོ་བྱ་དགོས་ཞེས་བསྟན།

          ཝང་ཏུང་མིང་གིས། ནན་མོ་གསུམ་དང་དོན་དངོས་གསུམ་ལག་བསྟར་བྱ་དགོས་ན། ངེས་པར་དུ་བློ་དཀར་གཞུང་དྲང་དང་། ཕྱི་གསལ་ནང་གསལ། འགན་འཁྲི་ཐེག་ཐུབ་པ་བཅས་ཡིན་དགོས་སྟེ། ཏང་ཡོན་ལས་བྱེད་པས་ངེས་པར་དུ་ནན་མོ་གསུམ་དང་དོན་དངོས་གསུམ་དེ་རང་གཅུན་གཞན་ཕན་གྱི་གཞི་རྩའི་རྩ་དོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཡིད་ཆེས་བརྟན་ཞིང་ཏང་ལ་བློ་དཀར་བའི་མི་ཞིག་བྱ་དགོས་པ་དང་། ནན་མོ་གསུམ་དང་དོན་དངོས་གསུམ་དེ་དཔོན་པོ་དག་གིས་ཁྲིམས་ཇི་ལྟར་བཀོལ་སྤྱོད་བྱེད་པའི་ལེགས་བཤད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་སྲུང་ཞིང་རང་ཉིད་དཔོན་པོ་གཙང་མ་ཞིག་བྱ་དགོས་པ། ནན་མོ་གསུམ་དང་དོན་དངོས་གསུམ་དེ་ལས་གཉེར་བྱ་བའི་ཀུན་སྤྱོད་ཀྱི་གཞི་འཛིན་ས་རུ་འགྱུར་བར་རྒྱུན་འཁྱོངས་བྱས་ཏེ། འགན་ཁུར་མི་ཕོད་པ་དང་ནུས་པ་ཅི་ཡང་འདོན་མི་ཐུབ་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས་ཤིང་། ལས་ཀར་འགན་གཙང་ལེན་བྱེད་མཁན་ཞིག་དང་སྲིད་བརྩོན་སྲིད་གཙང་གི་ལས་བྱེད་མི་སྣ་ཞིག་ཏུ་འགྱུར་བར་འབད་བརྩོན་བྱ་དགོས་ཞེས་བསྟན། །


39.7K

རྩོམ་ཡིག་སྔོན་མ།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1