རེབ་གོང་སྒྱུ་རྩལ་ཁང་པེ་ཅིང་དུ་བཙུགས་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-29


        ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རེབ་གོང་གི་ཁྱད་ཆོས་ལྡན་པའི་རེབ་གོང་སྒྱུ་རྩལ་ཁང་རྒྱལ་ས་པེ་ཅིང་དུ་དངོས་སུ་བཙུགས་འདུག

       སྒྱུ་རྩལ་ཁང་གིས་དུས་ཡུན་རིང་པོའི་ནང་རྒྱལ་ས་པེ་ཅིང་གྱི་རྒྱ་ཆེའི་མང་ཚོགས་ལ་འཛམ་གླིང་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དང་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྣམ་གྲངས་6འགྲེམས་སྟོན་བྱ་རྒྱུ་ཡིན་པར་མ་ཟད། འཛམ་གླིང་རྒྱན་གཅིག་ཏུ་གྱུར་བའི་《པཎ་ཆེན་རིམ་བྱོན་གྱི་ཐང་ག》དང་། རྒྱལ་ཁབ་རིམ་པའི་ཆིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་དང་ཐང་ག་《དུས་འཁོར།》 《དུས་གསུམ་སངས་རྒྱས།》སོགས་དངོས་རྫས་རྩ་ཆེན་ཉར་ཚགས་བྱས་ཡོད།


          རེབ་གོང་སྒྱུ་རྩལ་ཁང་པེ་ཅིང་དུ་བཙུགས་པ་དེས་རྒྱལ་སའི་ལས་རིགས་ཁག་གི་མི་སྣར་རེབ་གོང་གི་རིག་གནས་རྒྱུས་ལོན་བྱ་བའི་སྒེའུ་ཁུང་ཞིག་འདོན་སྤྲོད་བྱས་པ་དང་། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཕུལ་བྱུང་དངོས་རྫས་འགྲེམ་སྟོན་བྱས་པ་བརྒྱུད། མི་མང་པོར་རེབ་གོང་སྒྱུ་རྩལ་གྱི་ཉིང་བཅུད་མྱོང་རོལ་བྱེད་དུ་བཅུག་པར་མ་ཟད། མི་རིགས་ཀྱི་ཕུལ་བྱུང་སྒྱུ་རྩལ་འདི་སྔར་ལས་དར་སྤེལ་དུ་གཏང་རྒྱུ་དང་། དུས་མཚུངས་སུ་སྒྱུ་རྩལ་ཁང་གི་སྟེགས་བུ་འདིར་བརྟེན་ནས་རྨ་ལྷོ་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་རིགས་སྔར་ལས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏང་ཐུབ་ངེས་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1