དབྱིན་ཇིའི་རྒྱལ་མོས་ད་ལོའི་ཟླ་10པའི་ནང་ཞི་ཅིན་ཕིང་དབྱིན་ཇི་རུ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-29


            སྤྱི་ཟླ་5པའི་ཚེས་27ཉིན། དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་ཡིས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ལྕམ་ཕེང་ལི་ཡོན་རྣམ་གཉིས་ད་ལོའི་ཟླ་10པའི་ནང་དབྱིན་ཇི་རུ་རྒྱལ་དོན་འཚམས་འདྲིར་ཕེབས་པར་རེ་ལྟོས་དང་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན། དབྱིན་ཇིའི་སྐབས་གསར་པའི་གྲོས་ཚོགས་ཀྱི་འགོ་འཛུགས་མཛད་སྒོའི་ཐོག་དབྱི་ལི་ཧྲ་པེ་སྐུ་ཕྲེང་གཉིས་པ་དང་རྒྱལ་རྒྱུད་འཁོར་བཅས་ཞུགས་ཡོད་པར་མ་ཟད། རྒྱལ་མོ་ལགས་ཀྱིས་གསུང་བཤད་གལ་ཆེན་གནང་། ཁོ་མོས། དབྱིན་ཇིའི་སྲིད་གཞུང་གིས་ཀྲུང་གོ་དང་འབྲེལ་བ་འཛུགས་པར་ཤུགས་སྣོན་བྱ་འདོད་ཡོད་ཅེས་བསྟན་འདུག  དེ་མིན་དབྱིན་ཇིའི་འབྲེལ་ཡོད་འཕྲིན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོའི་གདན་ཞུ་དང་ལེན་བྱས་ཡོད་ཅིང་། ད་ལོའི་ཟླ་10པར་དངོས་སུ་དབྱིན་ཇི་རུ་རྒྱལ་དོན་འཚམས་འདྲིར་ཕེབས་རྒྱུ་ཡིན་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1