ཧི་མ་ལ་ཡའི་རི་ཁྲོད་ཀྱི་ཐོན་རྫས་སྔོག་འདོན་བྱེད་མཁན།

ལྷ་སྒྲོན་མཚོ་ཡིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-06



འདི་ནི་རི་མི་ཞིག་གིས་བྲག་རི་སྟེང་རྡོ་སྐྱེས་མོག་རོ་འཐུ་བཞིན་པའི་ཚུལ་རེད།


 བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནི་ཧི་མ་ལ་ཡའི་རི་རྒྱུད་དང་འཕྲེད་བཅད་རི་རྒྱུད་བར་བརྒལ་གྱི་གྲོག་རོང་ཁྲོད་ཆགས་ཤིང་། དེ་རུ་རི་ཚོགས་རྒྱུན་ཆད་མེད་པ་དང་གནམ་གཤིས་བརླན་བཤེར་ལྡན་པས་ཕུན་སུམ་ཚོགས་པའི་ནགས་བརྟེན་ཐོན་ཁུངས་ཡོད། གནས་དེར་འཚོ་བ་རོལ་པའི་རི་མི་རྣམས་ལ་ཡུན་རིང་དུ་རི་ཁྲོད་ལོ་ཏོག་སྔོག་འདོན་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ལོ་རེའི་རི་ཐོན་ཤིང་ཏོག་སྨིན་དུས་ཁོང་ཚོས་བྲག་རི་གཡང་གཟར་དང་ནགས་ཚལ་གྱི་དྲག་འབབ་ཆུ་རྒྱུན་ཁྲོད་རྡོ་སྐྱེས་མོག་རོ་དང་རི་སྐྱེས་ཤ་མོ་སོགས་ཀྱི་ནགས་བརྟེན་ལོ་ཏོག་འཐུ་བཞིན་ཡོད། རི་ཐོན་ཤིང་ཏོག་དེ་དག་ཐག་རིང་གི་ཞིང་ཁུལ་གཞན་དུ་ཕྱིར་འཚོང་བྱེད་བཞིན་ཡོད་པ་མ་ཟད་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་འབྱུང་ཁུངས་གཙོ་བོའང་ཡིན། །

འདི་ནི་རི་མི་ཞིག་གིས་བྲག་རི་སྟེང་རྡོ་སྐྱེས་མོག་རོ་འཐུ་བཞིན་པའི་ཚུལ་རེད།


འདི་ནི་རི་མི་ཞིག་གིས་བྲག་རི་སྟེང་རྡོ་སྐྱེས་མོག་རོ་འཐུ་བཞིན་པའི་ཚུལ་རེད།


འདི་ནི་རི་ཁྲོད་ཐོན་རྫས་སྔོག་འདོན་བྱེད་མཁན་ཞིག་གིས་རང་ཡུལ་ནས་ནག་བརྟེན་ལོ་ཏོག་སྐམ་བཞིན་པའི་ཚུལ་རེད།


འདི་ནི་ཚོང་བ་ཞིག་གིས་རྡོ་སྐྱེས་མོག་རོ་ཉོ་བཞིན་པའི་ཚུལ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1