དར་མདོ་རྫོང་ནས་དར་མདོ་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་དང་ཐམ་ག་གནང་བའི་མཛད་སྒོ་སྤེལ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ། ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-02


            སྤྱི་ཟླ་5པའི་ཚེས་31ཉིན། སི་ཁྲོན་བོད་ཁུལ་གྱི་དར་མདོ་རྫོང་ནས་དར་མདོ་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་དང་ཐམ་ག་གནང་བའི་མཛད་སྒོ་སྤེལ་ཡོད་ཅིང་། འདི་ནི་སི་ཁྲོན་བོད་ཁུལ་གྱི་རྫོང་རིམ་པའི་གྲོང་ཁྱེར་ཐོག་མ་དེ་ཡིན་པ་རེད།

           དར་མདོ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། གནའ་སྔ་མོར་ཆའང་གི་ས་ཆ་ཞིག་ཡིན་པར་བཤད། 1938ལོར་ཞི་ཁང་ཞིང་ཆེན་བཙུགས་ཤིང་། དར་མདོ་དེ་ཞིང་ཆེན་གྱི་ལྟེ་གནས་སུ་བྱས། 1950ལོའི་ཟླ་3པར་དར་མདོ་བཅིངས་འགྲོལ་བཏང་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་གྲོང་ཁྱེར་དུ་བྱས་པ་དང་། ཆབས་ཅིག་ཏུ་ཇ་རྟའི་གནའ་ལམ་གྱི་གྲོང་རྡལ་གཙོ་བོ་དང་སྐོར་བྲོའི་རིག་གནས་ཀྱི་གནས་མཆོག དེ་མིན་མི་རིགས་མང་པོ་དང་རིག་གནས་སྣ་མང་མཉམ་འདྲེས་བྱ་ཡུལ། བོད་བརྒྱུད་ནང་བསྟན་གཙོ་བྱས་པའི་གྲུབ་མཐའ་སྣ་ཚོགས་དར་བའི་མི་རིགས་མང་པོའི་འདུས་སྡོད་ཁུལ་ཞིག་ཡིན་ཏེ། དར་མདོ་ནི་བོད་རིགས་གཙོས་རྒྱ་རིགས་དང་། ཧའེ་རིགས། ཆའང་རིགས་སོགས་མི་རིགས་17འདུས་པའི་ས་ཆ་ཞིག་ཡིན་ལ། ནམ་རྒྱུན་གནས་འདིར་བསྡོམས་པས་མི་གྲངས་129320ཡས་མས་ཤིག་འཚོ་སྡོད་བྱས་ཡོད་པ་རེད།

              གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། སྒོ་བྱང་དང་ཐམ་ག་གནང་བའི་མཛད་སྒོ་གཟབ་རྒྱས་ཤིག་སྤེལ་ཡོད་དེ། ས་གནས་ཀྱི་རིམ་པ་ཁག་གི་མང་ཚོགས་ཀྱི་སྐུ་ཚབ་པ་མི་གྲངས་བརྒྱ་ལྷག་མཛད་སྒོའི་ཐོག་ཕེབས་ཤིང་། ཁོང་ཚོས་སྦྱར་བྱང་ཐོག་བཀྲ་ཤིས་བདེ་ལེགས་ཀྱི་སྨོན་ཚིག་གང་མང་བྲིས་ཡོད་པ་རེད། དེ་མིན། 1991ལོ་ནས་བཟུང་དར་མདོ་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་རེ་ཞུ་ཕུལ་ཡོད་པ་དང་། ལོ་ངོ་24ཡི་འབད་བརྩོན་དང་ལྷོད་མེད་དང་བརྩོན་ལེན་བྱས་ཏེ། 2015ལོའི་ཟླ་2པའི་ཚེས་17ཉིན་དངོས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་དང་། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་མཆན་འགོད་བཀའ་ལན་གནང་བ་བརྒྱུད། གཞི་ནས་དར་མདོ་རྫོང་དེ་དར་མདོ་གྲོང་ཁྱེར་དུ་བསྒྱུར་བར་མོས་མཐུན་བྱུང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1