༄༅།།སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་དྲ་བ་ལས་དྲངས། སྤེལ་དུས། 09-08



སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།

 

སྐལ་བཟང་བཀྲ་ཤིས་ནི། ༡༩༧༨ལོར་ཀན་ལྷོ་ཁུལ་གྱི་མཛོད་དགེ་སྟོད་ཀྱི་ཆར་རུ་སྟོད་མའི་ཡུལ་ཚོ་རུ་སྐྱེས། སློབ་གྲྭ་ཆུང་འབྲིང་རིམ་པར་བརྒྱུད་དེ༢༠༠༠ལོར་བྱ་བའི་ལས་གནས་སུ་ཞུགས་ཏེ་མི་རིགས་སློབ་གསོའི་ལས་དོན་ལ་འབད་པ་རྩེ་གཅིག་ཏུ་བྱས་ལ། ད་ལྟ་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་གི་ཡིག་གཟུགས་དང་རི་མོའི་དགེ་རྒན་གྱི་འགན་འཁུར་མུས་སུ་མཆིས། ཀན་སུའུ་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་རྨ་ཆུ་རྫོང་བོད་ཀྱི་སྲོལ་རྒྱུན་རི་མོ་སྲུང་སྤེལ་ལྟེ་གནས་ཀྱི་ཁོངས་མི་བཅས་ཡིན། ༢༠༡༤ལོར་བོད་ཀྱི་བྲིས་གཟུགས་ལས་དོན་འདི་མཁའ་མཐར་ཡན་པའི་མག་མོག་གི་ཟླ་བའི་རྗེས་སུ་འགྲོ་བཞིན་པར་སེམས་ཁྲལ་གྱིས་ཡིག་གཟུགས་ལས་དོན་ལ་འཇུག་གིན་པའི་ལས་དང་པོ་བར་མཐུན་རྐྱེན་ཨེན་ཙམ་རེ་ཡོང་སྙམ་པའི་ཀུན་སློང་གིས་ཨ་ནུ་རྟགས་ཅན་གྱི་བོད་ཀྱི་ཡིག་ཆས་ལས་སྣོན་བྱས་ཏེ་ཚོང་རར་བཀྲམས་ཤིང་། བརྩམས་ཆོས་ལ༼ཡིག་གཟུགས་མཐོང་བ་དགའ་སྐྱེད༽དང༼དབུ་ཅན་ཡིག་གཟུགས་འབྲི་དེབ༽ བཅས་ཡོད།

སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།སྐལ་བཟང་བཀྲ་ཤིས་ཀྱི་ཡིག་གཟུགས་བདམས་བཀོད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1