འཇར་པན་གྱི་མཚོ་ཁོངས་སུ་ཚད་རིམ་8.5ཅན་གྱི་ས་འགུལ་བྱུང་འདུག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


        སྤྱི་ཟླ་5པའི་ཚེས་30ཉིན། འཇར་པན་གནམ་གཤིས་བརྟག་དཔྱད་ཁང་གིས་གནས་ཚུལ་སྤེལ་དོན། ཉིན་འདིའི་དུས་ཚོད་20དང་སྐར་མ་24ཡི་ཐོག་འཇར་པན་གྱི་ཞའོ་ལི་ཡོན་གླིང་ཚོམ་གྱི་མཚོ་ཁོངས་སུ་ཚད་རིམ་8.5ཅན་གྱི་ས་འགུལ་དྲག་པོ་བྱུང་འདུག་ལ། མིག་སྔར། ས་གནས་བབ་སྟུན་པུའུ་རུ་ས་འགུལ་གྱི་རྐྱེན་པས་མི་སྣ་རྨས་སྐྱོན་བྱུང་བའི་ཡར་ཞུ་སོགས་ཅི་ཡང་འབྱོར་ཡོད་མི་འདུག

         འཇར་པན་གནམ་གཤིས་ཁང་གིས། ཐེངས་འདིའི་ས་འགུལ་གྱི་འགུལ་ཁུངས་ནི་ཞའོ་ལི་ཡོན་གླིང་ཚོམ་དང་ནུབ་མཚོ་གཉིས་ཀྱི་ཁོངས་སུ་ཡོད་ཅིང་། འགུལ་ཁུངས་ཀྱི་ཟབ་ཚད་ལ་སྤྱི་ལེ་590ཡོད་པ་རེད། ས་འགུལ་དྲག་པོ་འདིའི་རྐྱེན་གྱིས་འགུལ་ཁུངས་དང་བར་ཐག་སྤྱི་ལེ་སྟོང་གཅིག་ཡོད་པའི་རྒྱལ་ས་ཐོ་ཁི་ཡོ་སོགས་འབྲེལ་ཡོད་ས་གནས་ཁག་ཏུའང་ས་འགུལ་གྱི་ཚོར་སྣང་དྲག་པོ་བྱུང་འདུག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1