༄༅།།གཟི་ཚྭ་སྡེ་དགུ་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་སྣེ་ལེན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། སྤེལ་དུས། 09-18


 གཟི་ཚྭ་སྡེ་དགུ་ལྗོངས་ཁུལ་གྱིས་འཛམ་གླིང་གི་ཡུལ་སྐོར་དམིགས་ཡུལ་གནས་གཙོ་བོ་དང་འཛམ་གླིང་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་འཐབ་ཇུས་དམིགས་འབེན་ལ་དམིགས་ནས།སྐྱེ་ཁམས་སྲུང་སྐྱོང་དང་དོ་དམ་ཞབས་ཞུ།སྤུས་ཚད་མཐོར་འདེགས།དྲིལ་སྒྲོག་ཚོང་གཉེར།བདེ་འཇགས་འགན་སྲུང་སོགས་ཀྱི་ཕྱོགས་ནས་ཧུར་ཐག་བྱས་ནས།ལྗོངས་ཁུལ་དོན་དངོས་གཙོ་འཛིན་དང་ཚོང་གཉེར་ཐབས་ལམ་གསར་གཏོད།བགྲོད་ལམ་ཤར་གཏོང་བརྗེ་རེས།དབྱར་གནང་སློབ་ཞིབ་ཡུལ་སྐོར་བཏོན་པ།སྐྱེ་ཁམས་རིག་གནས་རོལ་མྱོང་ལམ་ཐིག་བཏོད་པ་སོགས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱ་འགུལ་རབ་དང་རིམ་པ་སྤེལ་ཞིང་།ས་ཆ་མང་པོར་སོང་ནས་འོས་སྦྱོར་བྱས་པ་དང་ཧུར་ཐག་གིས་མངའ་ཁོངས་སུ་འཛུལ་བའི་ཡུལ་སྐོར་རྒྱ་བསྐྱེད་དེ་ཁྲོམ་རའི་གསོན་ཤུགས་སྐུལ་སྤེལ་བཏང་བ་མ་ཟད།སྔར་ལས་ལྷག་པའི་ངང་གཟི་ཚྭ་སྡེ་དགུའི་མིང་གྲགས་ཆོད་ཚད་དང་མཚན་སྙན་རྒྱས་སུ་བཅུག་སྟེ།ཁྲོང་ར་མགྱོགས་མྱུར་སླར་གསོ་དང་ནུས་མཐོ་མཐོར་འདེགས་ཡོང་བར་སྐུལ་འདེད་བྱས་པ།ལྷག་པར་དུ་དུས་ཆེན་དང་གུང་གསེང་རིང་།དབྱང་གནང་སྐབས་སུ་རིག་གནས་ཡུལ་སྐོར་ཁྲོམ་རའི་རྣམ་པ་མངོན་གསལ་གྱིས་ཇེ་ལེགས་སུ་ཕྱིན།ད་ལོ་ནི་རྔ་བ་ཁུལ་བཙུགས་ནས་ལོ་འཁོར7༠ལོན་པའི་ལོ་ཡིན་ཞིང་།བརྗོད་དོན་འདི་བཟུང་ནས་རྔ་བ་ཁུལ་གྱིས་བྱ་འགུལ་རབ་དང་རིམ་པ་སྤེལ་བ་མ་ཟད།སྔར་ལས་ལྷག་པའི་ངང་གཟི་ཚྭ་སྡེ་དགུའི་མིང་གྲགས་ཆོད་ཚད་ལ་ཤུགས་སྣོན་དང་།རིག་གནས་དང་ཡུལ་སྐོར་སླར་གསོ་འབྱུང་བར་སྐུལ་འདེད་བྱས།གཟི་ཚྭ་སྡེ་དགུའི་ལྗོངས་ཁུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་ལྟར་ན།མ་འོངས་པར“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”ཞེས་པའི་འཕེལ་རྒྱས་འདུ་ཤེས་ལག་བསྟར་དོན་འཁྱོལ་བྱས་ནས།རྔ་བུ་ཁུལ་གྱི“ཡོལ་གཅིག་ཁུལ་བཞི་དང་ཁོངས་ཡོངས་སྐྱེ་ཁམས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་བསྟུན་ནས།སྲུང་སྐྱོང་རང་བཞིན་གྱི་གསར་སྤེལ་དོ་དམ་ཐབས་ལམ་དང་དམིགས་སའི་རང་བཞིན་གྱི་ལས་དོན་ཐབས་ལམ་འཚོལ་ཞིབ་བརྒྱུད། རྒྱུན་མཐུད་ངང་གཟི་ཚྭ་སྡེ་དགུ་ཡིས་འཛམ་གླིང་ཤུལ་བཞག་སྲུང་སྐྱོང་དང་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1