ནེའུ་ཟེ་ལན་གྱི་སོ་ནམ་པའི་མི་མེད་གནམ་གྲུས་འབྲོག་ཁྱིའི་ཚབ་ཏུ་ལུག་2000་ལྷག་འཚོ་རོགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


མི་མེད་གནམ་གྲུ་ནི་སང་ཌི་སིའི་མིག་ཟུང་དང་འདྲ་བར། མཁའ་དབྱིངས་ནས་ལུག་ཁྱུ་གང་དུ་ཡོད་པ་གསལ་བོར་མཐོང་ཐུབ།

 

མི་མེད་གནམ་གྲུའི་ཐོག་ནས་བླངས་པའི་ལུག་ཁྱུ།

 

སང་ཌི་སིས་བྱིས་པ་ཞིག་གི་ལག་ནས་མི་མེད་གནམ་གྲུ་རྙིང་པ་འདི་ཉོས་པ་རེད། ད་རུང་དུས་ཚོད་རིང་པོ་སྤྱད་ནས་བཟོ་བཅོས་བརྒྱབས།

          དབྱིན་ཇིའི་གསར་ལམ་དུ་སྤེལ་བའི་གནས་ཚལ་ལྟར་ན། ནེའུ་ཟེ་ལན་གླིང་ཕྲན་ལྷོ་མའི་སོ་ནམ་པ་ལེ་ཐི་སང་ཌི་སིས་ཆེད་དུ་མི་མེད་གནམ་གྲུ་ཞིག་བཅོས་སྒྲིག་བྱས་པ་དང་། གནམ་གྲུའི་སྟེང་དུ་སྒྲ་དུང་དང་ཉེན་བརྡ་གཏོང་ཆས་སོགས་སྒྲིག་འཇུག་བྱས། དེས་འབྲོག་ཁྱུའི་ཚབ་བྱས་ཏེ་ལུག་2000འཚོ་རོགས་བྱེད་ཐུབ་པ་རེད།

            བརྒྱ་ལུག་སྟོང་ལུག་རྫ་ལུང་རི་ལུང་འགྲིམ་ནས་འགྲོ་བ་དང་། དེའི་རྣམ་པ་ནི་ཧྥེ་གླིང་གི་རི་དྭགས་གནས་སྤོ་ཆེན་པོ་དང་མཚུངས། བརྙན་ལེན་བྱེད་མི་མེད་གནམ་གྲུའི་སྟེང་དུ་ཡོད་པ་དང་། མི་མེད་གནམ་གྲུས་དེ་དག་བརྙན་དུ་ལེན་ཐུབ་པ་མ་ཟད་ད་རུང་ལུག་ཀྱང་འཚོ་རོགས་བྱ་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1