དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུ་དཀར་མཛེས་རི་ཁུལ་གྱི་སློབ་མར་ལྷམ་གསར་པ་རག

ཏིང་བཀྲས་བསྒྱུར། རྩོམ་སྒྲིག་པ།ཏིང་བཀྲ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-03


 

          ཉེ་ཆར། ཀོང་ཀྲོའུ་པའེ་ཏ་ལུའུ་ཉོ་ཚོང་ཚད་ཡོད་སྤྱི་གཉེར་ཁང་གིས་པེ་ཅིང་བྱམས་བརྩེའི་སྤྱི་ཕན་ཐེབས་རྩ་ཚོགས་པར་མངག་བཅོལ་བྱས་པ་བརྒྱུད། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་གྲྭའི་སློབ་མ་ཚོར་པའོ་ནེ་ཏེ་རྟགས་ཅན་གྱི་ལྷམ་ཆ་1500ཞལ་འདེབས་སུ་ཕུལ་ཡོད་པ་རེད། ཟླ་5པའི་ཟླ་དཀྱིལ་དུ། བྱམས་བརྩེའི་ཐེབས་རྩ་ཚོགས་པ་དང་གཞན་དགེ་ལས་མི་སྣ་དག་གིས་ཞལ་འདེབས་སུ་ཕུལ་བའི་ལྷམ་ཆ་བསྡོམས་པས་1700ཡོད་པ་ཚང་མ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱི་སློབ་ཆུང་གཉིས་ལ་སྐྱེལ་འདྲེན་བྱས་ཡོད་ཅིང་། དྲུག་གཅིག་བྱིས་པའི་དུས་ཆེན་དང་བསྟུན་ནས། དུས་ཆེན་གྱི་ལེགས་སྐྱེས་སུ་ཐེབས་རྩ་ཚོགས་པས་གནང་བའི་ལྷམ་གསར་པ་དག་སློབ་མ་ཚོར་བཀྲམས་ཡོད་པས། སློབ་མ་དག་གི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་བཞིན་དུས་ཆེན་ལ་རོལ་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1