མཛེས་ལྗོངས་ཁུལ་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་ནས་ཡུལ་སྐོར་གྱི་ཁྲིམ་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན།

བཀྲ་ཤིས་ལྷ་མོས་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-21


ཁྲིམས་འཛིན་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཞབས་ཞུའི་འགན་ལེན་བྱེད་སྟངས་གསར་པ་བཏོད་ནས་མཛེས་ལྗོངས་ཁུལ་གྱི་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་བསྐྲུན་ཏེ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་གཏོང་ཆེད། ཉེ་ཆར། མཛོད་དགེ་རྫོང་ཁྲིམས་འཛིན་ཅུས་ཀྱིས་རྫོང་ཡུལ་སྐོར་མཛེས་ལྗོངས་ཁུལ་དོ་དམ་ཅུས་དང་མཉམ་འབྲེལ་སྒོས་མཚོ་ཁྲ་སྐྱེ་ཁམས་ཡུལ་སྐོར་ཁུལ་དུ་བསྐྱོད་ནས་བཅའ་ཁྲིམས་ཤེས་བྱ་སྒྲོག་པའི་བྱེད་སྒོ་གང་མང་སྤེལ།

བྱེད་སྒོ་སྤེལ་ཡུལ་དུ་སྒྲོག་འགྲེལ་པས་ཁྲིམས་སྐྱོང་དྲིལ་སྒྲོག་གི་ཆེད་སྒྲིག་ལེ་ཚན་གྱི་ནང་དོན་ལྟར་ཆེད་ལས་འགྲེལ་བཤད་བྱས། ཁྲིམས་སྐྱོང་སྒྲོག་ཤོག་བཀྲམ་པ་དང་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བར་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་སྟེ། 《དམངས་དོན་ཁྲིམས་གཞུང》དང་། 《ཡུལ་སྐོར་བཅའ་ཁྲིམས།》《རོགས་སྐྱོར་བཅའ་ཁྲིམས།》《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས།》《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་།

ཐེངས་འདིའི་བྱེད་སྒོར་ཁྱོན་ཁྲིམས་སྐྱོང་དྲིལ་སྒྲོག་དཔྱད་ཡིག་500ལྷག་ཙམ་བཀྲམ། མི་ཐེངས་10ལ་བཅའ་ཁྲིམས་བློ་འདྲི་མཁོ་འདོན་བྱས་ནས་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་བཏོད། ཡུལ་སྐོར་བར་སྤྲོ་སྣང་འཕེལ་བའི་ངང་ཁྲིམས་སྐྱོང་ཤེས་བྱ་སྒྲོག་པར་གདེང་འཇོག་ལེགས་པོ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1