ཞི་ཅིན་ཕིང་གིས་ཤར་ཕྱོགས་སྐར་ཆེན་ལྗོངས་རྒྱུ་གྲུ་གཟིངས་ཀྱི་མཚོར་ནུབ་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


         སྤྱི་ཟླ་6པའི་ཚེས་1གི་ཆུ་ཚོད་21དང་སྐར་མ་30ཡི་ཐོག  ཁྲུང་ཆིང་ཤར་ཕྱོགས་གྲུ་གཟིངས་སྤྱི་གཉེར་ཁང་གི་ཁོངས་གཏོགས་ཤར་ཕྱོགས་སྐར་ཆེན་ཞེས་པའི་ལྗོངས་རྒྱུ་བའི་འགྲུལ་སྐྱེལ་གྲུ་གཟིངས་ཤིག་ནན་ཅིང་ནས་ཁྲུང་ཆིང་དུ་བསྐྱོད་པའི་ལམ་བར་དུ་མཚོ་ཐོག་དྲག་རླུང་དང་འཕྲད་དེ་མཚོ་ནང་དུ་ནུབ་པ་དང་། དོན་རྐྱེན་བྱུང་སྐབས་གྲུ་གཟིངས་སྟེང་དུ་བསྡོམས་པའི་མི་གྲངས་458ཡོད་པ་དང་། དེ་གྲས་ལས་ལྗོངས་རྒྱུ་བ་406ཡོད་པ་རེད།

        དོན་རྐྱེན་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནོད་སྐྱོབ་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས། མགྱོགས་མྱུར་ངང་གནོད་སྐྱོབ་བྱ་བར་མཛུབ་སྟོན་གནང་བ་སྟེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འབྲེལ་ཡོད་མི་སྣ་བཀོད་སྒྲིག་བྱས་ཏེ་ཡུལ་དངོས་སུ་ཕྱིན་ནས་བྱ་བར་མཛུབ་སྟོན་གནང་དགོས་པ་དང་། ཧུའུ་པེ་ཞིང་ཆེན་དང་ཁྲུང་ཆིང་གྲོང་ཁྱེར་སོགས་ནས་ཅི་ནུས་ཀྱིས་གནོད་སྐྱོབ་བྱ་བར་རོགས་འདེགས་བྱ་དགོས། དེ་མཚུངས་སུ། མཉམ་མྱོང་གསོག་འཇོག་བྱས་ཏེ་དམངས་ཀྱི་བདེ་འཇགས་དང་ཚེ་སྲོག་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས། མགྱོགས་མྱུར་ངང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། དུས་ཚོད་དམ་འཛིན་སྒོས་མྱོར་སྐྱོབ་བྱེད་དགོས་པ་དང་། རྐྱེན་འདས་མི་གྲངས་ཇེ་ཉུང་དུ་གཏང་དགོས། དེ་མཚུངས་སུ་སྐྱབས་ཟིན་པ་དག་མགྱོགས་མྱུར་ངང་སྨན་བཅོས་བྱ་དགོས་ཞེས་ནན་གྱིས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1