ལྷ་སར་དོན་སྙིང་ལྡན་པའི་གླེང་སྟེགས་ཤིག་འགོ་ཚུགས་འདུག

བསྟན་དབང་གིས་བྲིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། སྤེལ་དུས། 09-22


སྤྱི་ཚེས་19ཉིན་གྱི་སྔ་དྲོ། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་བོད་ལྗོངས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གླེང་སྟེགས་སྐབས་དང་པོ་ལྷ་སར་འགོ་ཚུགས་པ་རེད།

སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི༼ཀྲུང་ཧྭ་ཡི་བླ་སྲོག་བརྟན་འཛུགས་ཀྱིས། དཔེ་བཟང་ཁུལ་མཉམ་དུ་འཛུགས་གཏོད་བྱེད༽ཅེས་པ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བསམ་བློ་སྤེལ་རེས་དང་། ཉམས་མྱོང་མཉམ་སྤྱོད། ཐུན་མོང་ངོས་འཛིན་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་རྒྱུ་དེ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགོ་ཁྲིད་དང་། འབྲེལ་ཡོད་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད། ལྗོངས་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་ཁྱོན་མི་420ཙམ་གླེང་སྟེགས་ལ་ཞུགས་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་དེ་དུས་མཚམས་གཉིས་ལ་དབྱེ་ཞིང་། སྤྱི་ཟླ་9ཚེས་19ཉིན་ནི་བརྗོད་དོན་གཙོ་བོའི་གླེང་སྟེགས་དང་། སྤྱི་ཚེས་20ཉིན་ནི་ལག་ལེན་དངོས་དང་། ཁྲིམས་སྐྱོང་། རིག་གཞུང་བཅས་ཡན་ལག་གླེང་སྟེགས་3གཉེར་རྒྱུ་རེད། གླེང་སྟེགས་ལ་ཞུགས་མཁན་འགོ་ཁྲིད་དང་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མི་རིགས་ལས་དོན་གྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ལོ་རྒྱུས་ལ་ཞིབ་འཇུག བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1