ལུས་སེམས་མཉམ་དུ་འབྲེལ་ནས་དོན་དངོས་སྒྲུབ། ཏང་འཛུགས་མཉམ་སྐྱོང་བྱས་ནས་གོང་འཕེལ་གཏོང་།

རྟ་མགྲིན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-27


ཧྭ་ཞི་སྨན་ཁང་གྲོད་སྐྲན་ནད་ཁང་གི་ཏང་ཀྲི་པུའུ་དང་འགྱེད་འཕྲོ་དངོས་ཁམས་ལག་རྩལ་ལྟེ་གནས་ཏང་ཀྲི་པུའུ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་སྐྲན་ནད་ཆེད་ལས་ཚན་ཁག་གི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་ཏང་གི་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ།

ལུས་སེམས་མཉམ་དུ་འབྲེལ་ནས་དོན་དངོས་སྒྲུབ།། ཏང་འཛུགས་མཉམ་སྐྱོང་བྱས་ནས་གོང་འཕེལ་གཏོང་།།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གཙོ་དོན་སློབ་གསོ་སློབ་སྦྱོང་དང་ལག་ལེན་བསྟར་བ། “སྨན་དོན་མི་སྣ་ཁྲི་གཞི་རིམ་དུ་བསྐྱོད་པའི”དང་བླངས་ཞབས་ཞུའི་བྱེད་སྒོ་ལག་ལེན་བསྟར་ཆེད། སྤྱི་ཟླ9པའི་ཚེས22ནས་ཚེས23ཉིན་བར། ཧྭ་ཞི་སྨན་ཁང་གྲོད་སྐྲན་ནད་ཁང་གི་ཏང་ཀྲི་པུའུ་དང་འགྱེད་འཕྲོ་དངོས་ཁམས་ལག་རྩལ་ལྟེ་གནས་ཏང་ཀྲི་པུའུ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་སྐྲན་ནད་ཆེད་ལས་ཚན་ཁག་གི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་ཏང་གི་ཉིན་མོའི་གཙོ་དོན་བྱེད་སྒོ་སྤེལ།

བྱེད་སྒོའི་ཐོག་གྲོད་སྐྲན་ནད་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཞིན་དང་འགྱེད་འཕྲོ་དངོས་ཁམས་ལག་རྩལ་ལྟེ་གནས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཀྲུང་རེན་མིང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་སྐྲན་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཀྲང་ཅིན་ཁོའོ་བཅས་ཀྱིས་གཏམ་བཤད་བྱས། ཐེངས་འདིའི་ཏང་གི་ཉིན་མོའི་གཙོ་དོན་བྱེད་སྒོས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱས་ཏེ་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཁྲིད་སྟོན་བྱ་དགོས”ཞེས་པའི་བརྗོད་བྱ་གཙོ་བོར་དམིགས་ནས་རིག་གཞུང་འཆད་ཁྲིད་དང་དེ་བཞིན་ནད་ཐོག་སྨན་བཅོས་ལག་རྩལ་མཛུབ་ཁྲིད་སོགས་བྱེད་སྒོ་རབ་དང་རིམ་པ་བརྒྱུད་ནས། སྨན་བཅོས་དང་རྩལ་ནུས་སྤེལ་རེས་ལ་སྐུལ་འདེད་དང་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་ཁྱབ་པར་སྐུལ་འདེད་བཏང་བ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1