“དངུལ་གྱི་ཕོ་ཉ”ཞེས་པའི་བརྩེ་སེམས་རོགས་སྐྱོར་ཚོགས་པས་མཛོད་དགེའི་བཞག་ལྡོམ་གྲོང་རྡལ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18


ཀྲུང་ཧྭ་མི་རིགས་ཀྱི་ཆེ་བཀུར་ཆུང་བྱམས་དང་བགྲེས་སོང་ལ་གཅེས་སྐྱོང་གི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་ཆེད། ཉེ་ཆར་ཝང་ཅིང་སྤྱི་ཕན་ཞབས་ཞུ་ལྟེ་གནས་ཀྱིས་ཀྲུང་ཧྭ་སྤྱི་ཚོགས་རོགས་སྐྱོར་ཐེབས་རྩ་ཚོགས་པར་མཉམ་འབྲེལ་སྒོས། དངུལ་གྱི་ཕོ་ཉ་དང་བླངས་ཚོགས་པ་བཙུགས་ཏེ་རྔ་བ་ཁུལ་མཛོད་དགེ་རྫོང་གི་བཞག་ལྡོམ་གྲོང་རྡལ་གྱི་བགྲེས་སོང་རྣམས་ལ་འཚོ་བའི་རོགས་སྐྱོར་དངོས་ཟོག་སྤྲད། 

བྱེད་སྒོའི་ཡུལ་དངོས་ནས་དང་བླངས་པ་ཚོས་བགྲེས་སོང་རྣམས་ཀྱི་མི་ལུས་བདེ་ཐང་དང་རྒྱུན་ལྡན་འཚོ་བའི་གནས་ཚུལ་ལ་བཀའ་འདྲི་གནང་བཞིན་བརྩེ་སེམས་དངོས་རྫས་སྤྱོད་སྟངས་ཐད་འགྲེལ་བཤད་གང་ལེགས་གནང་། ཁོ་ཚོར་འགྲོ་སྐྱོད་བདེ་འཇགས་དང་། ཁྱིམ་གྱི་ཆུ་གློག་དང་འབར་རླངས་བདེ་འཇགས། མེ་འགོག་རྐུན་ཤོར་སོགས་ལ་དོ་སྣང་བྱེད་དགོས་པར་མངགས་བཅོལ་ནན་མོ་བྱས། 

 

ཐེངས་འདིའི་བྱེད་སྒོ་བརྒྱུད་བགྲེས་སོང་རྣམས་ལ་སེམས་ཤུགས་འཕེལ་བར་བྱས་ནས་ཚེ་མཇུག་གི་སྐྱིད་སྣང་ཇེ་ཆེར་བཏང་བར་མ་ཟད། སྤྱི་ཚོགས་རྩ་འཛུགས་དང་དང་བླངས་པའི་བརྩེ་སེམས། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཚོར་དུ་བཅུག །བྱེད་སྒོར་འཚོ་བའི་ལེགས་སྐྱེས་ཆ་ཚང་460སྤྲད། དེ་རུ་ས་གདན་དང་ནུས་མང་སྒྲ་སྡུད་འཕྲུལ་འཁོར། དྲོད་སྲུང་ཕོར་བ་སོགས་ཡོད་པ་དང་རིན་གོང་སྒོར་ཁྲི་16ལྷག་ཟིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1