ཉི་མ་ཚེ་རིང་གིས་པེ་ཅིན་དུ་རི་མོ་འགྲེམས་སྟོན་བྱས།

རྩོམ་སྒྲིག་པ།ཚུལ་ཁྲིམས་བཟང་པོ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23


སྤྱི་ཟླ་9པའི་ཚེས་28ནས་སྤྱི་ཟླ་10པའི་ཚེས་10ཉིན་གྱི་བར། “མཐའ་ཡས་དང་ཟོལ་མེད་”ཅེས་པའི་ཉི་མ་ཚེ་རིང་གི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་དེ་པེ་ཅིན་ཡིག་རིས་བརྒྱུད་ལམ་མཛེས་རྩལ་ཁང་དུ་འགྲེམས་སྟོན་བྱས། ཐེངས་འདིའི་འགྲེམས་སྟོན་དུ་ཉི་མ་ཚེ་རིང་གིས་ཉེ་བའི་ལོ་འདི་དག་གི་རིང་བརྩམས་པའི་སྒྱུ་རྩལ་བརྩམས་ཆོས་ལེགས་ཤོས་ཕྱོགས་བསྡུས་འགྲེམས་སྟོན་བྱས་ཡོད་དེ། རི་ཆུའི་རི་མོ་དང་ཞིབ་བྲིས་ཚོན་ལྡན། མི་སྣའི་སྣང་བརྙན། ཐང་ག་སོགས་རི་མོའི་རིགས་དུ་མ་འདུས་ཡོད། ནང་དོན་ཕུན་སུམ་ཚོགས་པས་བོད་ཡུལ་གྱི་མཚར་སྡུག་མངོན་པར་བྱས་ཤིང་། ཉི་མ་ཚེ་རིང་ལགས་སྒྱུ་རྩལ་གྱི་ཁང་བཟང་འགྲིམས་པའི་འབད་བརྩོན་ལྷོད་མེད་ཀྱི་འཚོལ་ཞིབ་དང་བསམ་གཞིགས་མཚོན་པར་བྱས་ཡོད།

ཉི་མ་ཚེ་རིང་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་དུ་སྐྱེས་ཤིང་། ཁམས་སྡེ་དགེ་ནས་འཚར་ལོངས་བྱུང་། ཁོང་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་མཛེས་རིས་པ་དང་། ཀྲུང་གོའི་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་ལྷ་རིས་པའི་མཚན་སྙན་བཞེས་མྱངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1