༄༅།།ཐང་རྒྱལ་རབས་ཀྱི་སྙན་ཚིག་ཁག་གཉིས།

མེང་ཅའོ། ལྷ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།སེམས་ཀྱི་ཉི་ཟླའི་དྲ་བ་ལས་དྲངས། སྤེལ་དུས། 10-26


བརྩེ་ལྡན་ཨ་མའི་ཕྱག་ལ་ཁབ་སྐུད་བསྣམས།།

འཁྱམ་པོའི་ལུས་ཀྱི་ལྭ་བར་ལྷན་པ་བརླན།།

འགྲོ་ཁའི་ཁབ་སྐུད་ཚགས་ལ་དམ་པ་དེས།།

ཕྱིར་ལྡོག་དུས་འགྱངས་ཡིད་ལ་བཅངས་པ་མཚོན།།

བསྙེན་བཀུར་སྲི་ཞུ་ཁབ་རྩེ་ཕྲ་མོ་ཡིས།།

དཔྱིད་གསུམ་དཔལ་གྱི་དྲིན་ལན་ཇི་ལྟར་ལྡོག།

ས་སྲོད་དུས་སུ་རྡོ་གཅལ་སྟེང་ན་ངལ་གྱིས་དུབ།།

ཞོགས་པའི་དུས་སུ་གཙང་བོའི་རྦ་རླབས་ཁེམ་གྱིས་དཀྲུགས།།

མཚོ་ཁའི་སྨུག་སྤྲིན་ཉི་འོད་ཀློང་ནས་གང་དུ་ཡལ།།

གྲུ་ཁེམ་སྒྲ་ལས་རི་དང་གཙང་བོ་སྔར་བཞིན་སྔོ།།

གནམ་མཐའི་མཚམས་སུ་ཕྱིར་མིག་འཕེན་མཁན་ཉ་བ་དེ།།

བྲག་རྡོའི་ངོགས་ཀྱི་སྤྲིན་དཀར་ཚོམ་བུས་བདའ་ལ་བྲེལ།། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1