དཀར་མཛེས་ཁུལ་གྱིས་བོད་ཀྱི་སྐད་ཡིག་《སྲོལ་ཡིག》ཁྱབ་བསྒྲགས་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་བོད་ཡིག་དྲ་བ། སྤེལ་དུས། 06-04



          སྤྱི་ཟླ་6པའི་ཚེས་1ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་གཉིས་ཀྱིས་དར་མདོར《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས། 《སྲོལ་ཡིག》འདི་ནི་རང་ཁུལ་གྱིས་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བའི་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་དང་ཞིབ་འཇུག བེད་སྤྱོད། དོ་དམ། འཕེལ་རྒྱས་བཅས་འགན་སྲུང་དང་སྐུལ་འདེད་བྱེད་པ་དང་། བོད་ཀྱི་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པའི་ས་གནས་ཅན་གྱི་ཁྲིམས་སྲོལ་ཞིག་ཡིན་པས། རང་ཁུལ་གྱི་མི་རིགས་ཀྱི་སྐད་དང་ཡི་གེའི་ལས་དོན་དེ་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཞིག་ལ་སླེབས་པ་དེ་མཚོན་པ་རེད།

 

           ཁུལ་དམངས་ཆེན་གྱི་ཀྲུའུ་རེན་གཞོན་པ་ཧུའུ་ཏེན་མིང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲུའུ་ཝུན་སོགས་འབྲེལ་ཡོད་འགོ་ཁྲིད་དག་ཚོགས་འདུར་ཞུགས་པ་དང་《སྲོལ་ཡིག》དོན་འཁྱོལ་མཐར་ཕྱིན་བྱ་བར་གལ་ཆེའི་བླང་བྱ་བསྟན་པ་རེད། ཚོགས་འདུར་ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་གསར་འགྱུར་དྲ་བ་སོགས་གསར་འགྱུར་འཕྲིན་སྦྱོར་ལས་ཁུངས། ཁུལ་དམངས་ཆེན་དང་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་འགན་ནུས་སྡེ་ཁག་25ཞུགས་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1