གཙོ་ངོས།>> གསར་འགྱུར།>>བོད་འབྲེལ་ས་ཁུལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༠༤ཉིན།

པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་《ཐར་ལོ།》ཡི་ཕབ་ལེན་ལས་ཀ་མཇུག་བསྒྲིལ།

    ཉེ་ཆར། པད་མ་ཚེ་བརྟན་གྱིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕབ་ལེན་བྱེད་བཞིན་པའི་གློག་བརྙན་གསར་པ་ཐར་ལོ།ཡི་ཕབ་ལེན་ལས་ཀ་མཇུག་བསྒྲིལ་ཡོད་ཅིང་། མིག་སྔར་གློག་བརྙན་ཕབ་སྐྲུན་ཚོགས་པས་ཕབ་ལེན་རྗེས་ཀྱི་སྒྲིག་བཟོ་ལས་ཀ་བྱེད་འགོ་བརྩམས་པ་དང་། སྔོན་དཔག་བྱས་པ་ལྟར་ན། 2016ལོའི་ལོ་སྟོད་དུ་རྒྱ་ཆེའི་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་རྒྱུ་རེད།


     རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན་ཐར་ལོ།ཞེས་པ་འདི་ནི་ཐེན་ཧྭ་ཧྭ་ཐེན་(པེ་ཅིང)གློག་བརྙན་སྤྱི་གཉེར་ཁང་དང་། ཐེན་ཧྭ་གསར་པ་རིག་གནས་འཕྲིན་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་། པེ་ཅིང་ཞིན་ཁོང་དབྱི་ཧོ་གློག་བརྙན་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། པེ་ཅིང་རྒྱ་མཚོའི་དུས་སྐབས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་མ་དངུལ་བཏང་ནས་ཕབ་ལེན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ནང་དྲན་པ་ཤིན་ཏུ་གསལ་བའི་ལུག་རྫི་ཐར་ལོས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་སྐབས་བྱུང་བའི་མི་རྣམས་ཀྱིས་བསམ་གཞིགས་བྱ་འོས་ལ་སྐྱོ་གར་རང་བཞིན་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1