ཧོ་ལན་གྱི་མཁའ་དབྱིངས་སུ་མངོན་པའི་UFOམཚོ་གདུགས་ཀྱི་འོད་ཀོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-04


རང་བྱུང་ཚན་རིག་གི་པོད་ཁུག་རྩོམ་པ་པོ་ཧ་ལེའུ་ཕོའོ་ཏོན་གྱིས་ཧོ་ལན་ཀུའུ་ནི་ཀིན་ནས་དྲག་རླུང་ལ་པར་ལེན་སྐབས། འོད་མདོག་ལྗང་གུ་འཕྲོ་ཞིང་ངོས་འཛིན་དཀའ་བའི་དངོས་པོ་ཞིག་པར་དུ་བླངས་པ་རེད། 
ཕོའོ་ཏོན་གྱིས་འདྲ་པར་དག་ལ་ཞིབ་བཤེར་བྱེད་སྐབས་ངོས་འཛིན་དཀའ་བའི་དངོས་པོ་ཞིག་ལས་འོད་འཕྲོ་བཞིན་མཁའ་དབྱིངས་སུ་སྐྱོམ་བཞིན་པ་མཐོང་། 
          དབྱིན་ཇིའི་《ཉིན་རེའི་སྦྲགས་སྲིད་ཚགས་པར།》 གྱིས་ཟླ་6པའི་ཚེས་1ཉིན་བསྒྲགས་པ་ལྟར་ན། རང་བྱུང་ཚན་རིག་གི་པོད་ཁུག་རྩོམ་པ་པོ་ཧ་ལེའུ་ཕོའོ་ཏོན་(Harry Perton)གྱིས་ཧོ་ལན་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཧོ་ལན་ཀུའུ་ནུ་ཀིན་(Groningen)ནས་དྲག་རླུང་ལ་འདྲ་པར་ལེན་སྐབས། ངོས་འཛིན་དཀའ་བའི་དངོས་པོ་(UFO)ཞིག་ལས་འོད་ལྗང་གུ་ཞིག་འཕྲོ་བཞིན་པ་པར་དུ་བླངས་ཤིང་། འདྲ་པར་ལས་ཤེས་གསལ་ལྟར་ན།  མཚོ་གདུགས་ཀྱི་དབྱིབས་དང་འདྲ་བའི་དངོས་པོ་ཞིག་ལས་ལྐོག་གྱུར་གྱི་འོད་ཅིག་འཕྲོ་བཞིན་ཡོད་པ་རེད། ཕོའོ་ཏོན་གྱིས་འདྲ་པར་དེ་དག་ཕྱི་ལ་བསྒྲགས་རྗེས་མི་མང་པོ་ཞིག་གིས་ཚོད་དཔག་སྣ་ཚོགས་བྱེད་བཞིན་མཆིས།
         འདྲ་པར་དེ་དག་དྲ་ངོར་བཀོད་པ་ནས་བཟུང་དེ་དང་འབྲེལ་བའི་དཔྱད་བརྗོད་དང་ཚོད་དཔག་སོགས་ཀྱང་མཚམས་བཞག་མ་མྱོང་ཞིང་། མི་ལ་ལས་དེ་ནི་གོ་ལ་གཞན་པའི་སྟེང་གི་དངོས་པོ་ཞིག་ཡིན་པར་བཤད་མོད། ཕོའོ་ཏོན་གྱིས། ང་ནི་UFOལ་མོས་དད་ཡོད་མཁན་ཞིག་མིན་ལ། ང་རང་གིས་བརྟགས་ན་དེ་ནི་རླུང་ཁམས་ལས་བྱུང་བའི་སྣང་ཚུལ་ཞིག་གམ་ཡང་ན་འོད་ཐིག་ཅིག་སྤྲིན་རིམ་བརྟོལ་སྐབས་བྱུང་བའི་སྣང་ཚུལ་ཞིག་ཡིན་ཡང་སྲིད་ཅེས་བཤད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1