གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༥ལོའི་ཟླ་བ་༠༦ཚེས་༠༥ཉིན།

ཨ་རིའི་དབྱིངས་བསྐྱོད་ཅུས་ཀྱིས་མིའི་རིགས་ཀྱིས་འཇིག་རྟེན་འཕུར་བསྐྱོད་བྱ་བའི་འགོ་བཙུགས་ནས་ལོ་འཁོར་50ལོན་པར་རྗེས་དྲན་བྱས།

    མཁའ་དབྱིངས་སུ་འཚོལ་སྙེག་བྱ་རྒྱུ་ནི་མིའི་རིགས་ཀྱི་ཕུགས་འདུན་ཞིག་ཡིན་ཏེ། མིའི་རིགས་ཀྱིས་མཁའ་དབྱིངས་སུ་འཇིག་རྟེན་འཕུར་གྲུ་བཏང་བ་ལས་གཞན། ད་རུང་ལྗིད་ཤོར་གྱི་གནས་ཚུལ་འོག་མིའི་རིགས་མཁའ་དབྱིངས་སུ་བགྲོད་ཐུབ་པ་བྱུང་ཡོད།

    1965ལོའི་སྤྱི་ཟླ་3པའི་ཚེས་18ཉིན། སུའུ་ལེན་གྱི་འཇིག་རྟེན་འཕུར་བསྐྱོད་པ་ཨ་ལེ་ཞིས·ལའེ་ཨང་ནོ་མཁར་འཕགས་གཉིས་པ་རྟགས་ཅན་གྱི་འཕུར་གྲུ་དང་ཁ་གྱེས་ནས་དུས་ཡུན་སྐར་མ་12ཀྱི་རིང་མཁའ་དབྱིངས་གོམ་བགྲོད་ཀྱི་ལས་འགན་ལེགས་འགྲུབ་བྱུང་ཡོད། དུས་དེ་ནས་བཟུང་ད་ལྟའི་བར། མིའི་རིགས་ཀྱིས་མཁའ་དབྱིངས་སུ་འཚོལ་སྙེག་བྱ་རྒྱུ་འཚམས་བཞག་མ་མྱོང་སྟེ། སྔ་རྗེས་སུ་འཇིག་རྟེན་འཕུར་བསྐྱོད་པ་མང་པོ་ཞིག་གིས་མཁའ་དབྱིངས་སུ་གོམ་བགྲོད་བྱས་ཡོད།

 

    1969ལོའི་ཟླ་11པར། ཨ་རིའི་ཨ་པོ་ལོ་ཨང་རྟགས་12པ་ཡིས་ཐེངས་གཉིས་པའི་མི་ལྡན་ཟླ་བའི་གོ་ལའི་ཐོག་བསྐྱོད་པའི་འཆར་གཞི་མངོན་འགྱུར་བྱུང་ཡོད། འདི་ནི་ཨ་རིའི་འཇིག་རྟེན་འཕུར་བསྐྱོད་པས་ཟླ་བའི་གོ་ལའི་ཐོག་ཏུ་ཨ་རིའི་རྒྱལ་དར་བཙུགས་པའི་འདྲ་པར་རེད།

 

    ལྗིད་ཤོར་གྱི་གནས་ཚུལ་འོག སྟེང་འོག་གི་དབྱེ་བ་མེད་པས། ཁྱོད་ཀྱིས་མཐོང་བའི་སའི་གོ་ལ་དེ་རང་གི་རྐང་འོག་ཏུ་ཡོད་པའམ་མགོ་ཐོག་ཏུ་ཡོད་པ་གང་ཡིན་གསལ་བོར་ཤེས་དཀའ། འདི་ནི་ཡོ་རོབ་ཀྱི་འཇིག་རྟེན་འཕུར་བསྐྱོད་པ་མཁའ་དབྱིངས་ས་ཚིགས་སུ་ཡོད་པའི་འདྲ་པར་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1