《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》ཀྲུང་གོའི་རིག་གཞུང་དུས་དེབ་གཙོ་གྲས་སུ་ཚུད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-05



    ཉེ་ཆར། ཝུའུ་ཧན་སློབ་ཆེན་ཀྲུང་གོའི་ཚན་རིག་དཔྱད་འབེབ་ཞིབ་འཇུག་ལྟེ གནས་(RCCSE)དང་། ཝུའུ་ཧན་སློབ་ཆེན་གྱི་དཔེ་མཛོད་ཁང་། ཀྲུང་གོའི་ཚན་རིག་སློབ་གསོའི་དཔྱད་འབེབ་དྲ་བ་བཅས་ཀྱིས་མཉམ་དུ་ཚན་ཞིབ་དང་སྒྲིག་བཟོ་བྱས་པའི་པར་གཞི་4བ་《RCCSEཀྲུང་གོའི་རིག་གཞུང་དུས་དེབ་དཔྱད་འབེབ་ཞིབ་འཇུག་སྙན་ཞུའི་དབང་གྲགས་ཆེ་བའི་རིག་གཞུང་དུས་དེབ་གཙོ་གྲས་རིམ་ཐོ།》ལེགས་འགྲུབ་བྱུང་ཞིང་། 《བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ།》(སྤྱི་ཚོགས་ཚན་རིག་པར་མ)དེRCCSEཀྲུང་གོའི་རིག་གཞུང་དུས་དེབ་(A-)གཙོ་གྲས་སུ་ཚུད་པ་རེད།

    རྒྱུས་ལོན་པ་ལྟར་ན།  ཐེངས་འདིའི་རིག་གཞུང་དུས་དེབ་དཔྱད་འབེབ་བྱ་བར་གཙོ་ཆེར་རིམ་པ་དང་པོའི་རིག་ཚན་65་(ཕྱོགས་བསྡུས་རང་བཞིན་གྱི་རིག་ཚན3འདུས)ཅན་གྱི་དུས་དེབ་ཀྱི་རིག་གཞུང་སྤུས་ཚད་དང་ཤུགས་རྐྱེན་ནུས་པའི་ཕྱོགས་བསྡུས་དཔྱད་འབེབ་དང་། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་སློབ་གྲྭ། མཐོ་རིམ་སློབ་གླིང་སོགས་ཀྱི་སློབ་རའི་ཚགས་པར་ཕྱོགས་བསྡུས་ཤུགས་རྐྱེན་ནུས་པའི་ཁེར་ཚུགས་དཔྱད་འབེབ་བཅས་ཁག་གཉིས་ཡོད། ཐེངས་འདིའི་དཔྱད་འབེབ་ཏུ་ཞུགས་པའི་རིག་གཞུང་དུས་དེབ་བསྡོམས་པས་6201ཡོད་ཅིང་། དེ་ལས་སློབ་རའི་ཚགས་པར་267དང་། རིམ་པ་དང་པོའི་རིག་ཚན་65ཁྲོད་དབང་གྲགས་ཅན་གྱི་དུས་དེབ་(A+)316། གཙོ་གྲས་དུས་དེབ་(AདངA-)1572། འོས་པའི་རིག་གཞུང་དུས་དེབ་གཙོ་གྲས་1848། དཀྱུས་མའི་དུས་དེབ་1828། ཅུང་ཞན་པའི་དུས་དེབ་637བཅས་འདུག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1