དགུན་དུས་ཀྱི་ལིས་རྫོང་། ལྗོངས་སྐོར་གྱི་གནས་མཆོག

གསར་འགོད་པ། ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་ཚིགས། སྤེལ་དུས། 01-19


2023ལོའི་ཟླ་12ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་8པར། ལིས་རྫོང་པི་ཕུང་ལུང་བའི་མཛེས་ལྗོངས་ཁུལ་དུ་ད་ལོའི་ལྗོངས་རྒྱུ་བ་མི་ཐེངས་ཁྲི་100བསུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་བ་བཏོད། དེ་ནི་མཛེས་ལྗོངས་ཁུལ་གཉེར་སྐྱོང་བྱས་པ་ནས་བཟུང་ལོ་རེར་ལྗོངས་རྒྱུ་བར་སྣེ་ལེན་བྱས་ཚད་ཁྲི་བརྒྱ་ལས་བརྒལ་ཐེངས་དང་པོ་ཡིན་ལ། གཟི་རྩ་སྡེ་དགུ་དང་གསེར་མཚོ་སོགས་མཛེས་ལྗོངས་ཁུལ་གྱི་རྗེས་ནས་རྔ་བ་ཁུལ་གྱི་ལོ་རེར་ལྗོངས་རྒྱུ་བ་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི་100ལས་བརྒལ་བའི་ལྗོངས་སྐོར་མཛེས་ལྗོངས་ཁུལ་བཞི་བ་རེད།

རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ལྗོངས་སྐོར་དཔེ་སྟོན་ཁུལ་ཡིན་པའི་པི་ཕུང་ལུང་བའི་མཛེས་ལྗོངས་ཁུལ་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་དར་སྤེལ་བཏང་སྟེ་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་འཕེལ་རྒྱས་ཀྱི་རྩ་དོན་དུ་བཟུང་ནས་མི་དང་རང་བྱུང་ཁམས་དང་། གྲོང་ཁྱེར་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་བཏོད་དེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་གི་ཕྱོགས་སུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ནས་ནུས་ཤུགས་སྔར་བས་ཆེ་བས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། མཛེས་ལྗོངས་ཁུལ་གྱིས་ཆོད་སེམས་བརྟན་པོ་དང་། མ་འཇོག་ཆེན་པོ། འཛུགས་སྐྲུན་ཆེན་པོ་བཅས་ཀྱིས་ལྗོངས་སྐོར་ལས་རིགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། དུས་བབ་གསར་བའི་གཞི་གྲངས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་འཚོལ་ཞིབ་བྱས་པ། ས་གནས་ཀྱི་དཔལ་འབྱོར་དང་ལས་ཞུགས་ལ་སྐུལ་ཁྲིད་བྱས་ནས་ཐོན་ལས་ཀྱི་རིན་ཐང་མངོན་འགྱུར་བྱས་པ་དང་ཆབས་ཅིག་ཟས་སྤྱོད་འགྲོ་འདུག་དང་རོལ་རྩེད་ཉོ་སྒྲུབ་ཀྱི་ཐོན་རྫས་ཀྱི་སྤུས་ཚད་དང་། རིམ་པ། གཞི་ཁྱོན་བཅས་ཕྱོགས་ཡོངས་ནས་རིམ་སྤར་བྱས་ཏེ་འཐུས་སྒོ་ཚང་བའི་ལྗོངས་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་རྫས་ཀྱི་ལས་རིམ། ཞབས་ཞུའི་མ་ལག་བཅས་ཆགས་ནས་ལྗོངས་རྒྱུ་བའི་ཐེག་ནུས་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཡོད།

ལུང་པ་ཞེ་བརྒྱད་ཡོད་པ་ཚང་མ་མཛེས་ལྗོངས་ཡིན། གང་སར་རི་བོ་ཡོད་ལ་རི་བོ་ཚང་མར་གངས་ཀྱིས་གཡོགས་ཡོད། ལིས་རྫོང་གི་མཚོ་འཕགས་སྨི་1422ནས་སྨི་5922བར་ཟིན་པ་དང་ཧེ་བག་ཆེ་བ་དང་གྲོག་རོང་འཕྲེད་གཞུང་དུ་གནས་ཡོད། མཚོ་འཕགས་སྨི་5000ཡན་གྱི་རི་103ཡོད་པ་དང་། ས་ཁོངས་ནང་ལངས་གཟུགས་ཀྱི་གནམ་གཤིས་མངོན་གསལ་དོད་པ། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པ། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་བཅས་ཡིན་ལ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཀྱང་སྐད་གྲགས་ཆེན་པོ་ཡོད།

གངས་འཁྱགས་ལིས་རྫོང་གི་མིང་བྱང་གསར་བ་ཞིག་ཏུ་འགྱུར་བར་བྱེད་དགོས། ཉེ་བའི་ལོ་ཤས་རིང་། ལིས་རྫོང་གིས་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ལྗོངས་སྐོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཁྲིད་སྟོན་དུ་བྱས་ཏེ།“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པ་དང་། གངས་རི་ཡང་གསེར་རི་དངུལ་རི་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་མཐའ་གཅིག་ཏུ་བསྟར་ནས།“ས་ཁོངས་ཧྲིལ་པོའི་ལྗོངས་སྐོར་དཔེ་སྟོན་ཁུལ”དང“གངས་འཁྱགས་དང་ཚ་གཡོལ་གནས་མཆོག་གཉིས”བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ།“བར་ཁྱམས་གཅིག་དང་། ས་གནས་ཀྱི་ལེགས་ཆའི་ལྗོངས་སྐོར་ཐོན་ཁུངས་ལ་གཞི་བཙུགས་ནས་བོད་ཆའང་གི་རིག་གནས་ལྗོངས་སྐོར་གྱི་ཁྱད་ཆོས་ལྡན་པའི་ལས་རྣམ་གསར་བ་ཕུན་སུམ་ཇེ་ཚོགས་སུ་ཤུགས་ཆེན་གཏོང་བ་དང་། སྤུས་ཚད་མཐོན་པོའི་དགུན་དུས་ལྗོངས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་འཆར་འགོད་བྱེད་པ། གངས་འཁྱགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གངས་འཁྱགས་རྣམ་གྲངས་ནང་འདྲེན་བྱེད་པ། ལིས་རྫོང་གི་ལྗོངས་སྐོར་ཁྲོམ་རའི་དགུན་དུས་ཀྱི་ལྗོངས་རྒྱུ་བ་ཉུང་བའི་དུས་ཀྱི་སྟོང་ཆ་གསབ་པ་བཅས་བྱས་ནས་གངས་འཁྱགས་ལྟ་སྐོར་དང་། གངས་འཁྱགས་ལུས་རྩལ། ཆུ་ཚན་སྤྲོ་གསེང་། རི་མཐོའི་དམངས་སྲོལ་མགྲོན་ཁང་། བོད་ཆའང་གྲོང་ཚོ། དུས་སྟོན་དང་བྱེད་སྒོ། ལུས་རྩལ་འགྲན་བསྡུར་སོགས་དགུན་དུས་ལྗོངས་སྐོར་གྱི་མིང་བྱང་དང་ལྷག་པར་དུ་པི་ཕུང་ལུང་བའི་ཟློས་གར་གླིང་ཕྱིའི་རི་བོ་དང་། སྤོ་དཀར་ལའི་གངས་ཞུད་ར་བ། མོང་ཐུན་ཧོ་གངས་འཁྱགས་ཁང་སོགས་ནི་གངས་འཁྱགས་སྤུས་རྟགས་ཆེན་པོ་གསུམ་གྱི་མཚན་སྙན་ཡོད་པ་དང་དགུན་དུས་ཀྱི་ལྗོངས་སྐོར་དེ་ལིས་རྫོང་གི་མཛེས་སྡུག་ལྡན་པའི་མིང་བྱང་ཞིག་ཏུ་གྱུར་ཡོད།

པི་ཕུང་ལུང་བའི་མཛེས་ལྗོངས་ཁུལ་གྱིས་ལོ་རེར་ལྗོངས་རྒྱུ་བ་ཁྲི་བརྒྱ་ལྷག་ལ་སྣེ་ལེན་བྱས་པའི་གྲངས་གཞི་ལས་ལིས་རྫོང་གི་ལྗོངས་སྐོར་སླར་གསོ་ཤུགས་ཆེན་བྱུང་བ་དང་། དཔྱིད་ཀྱི་མེ་ཏོག་དང་། དབྱར་གྱི་ཚ་གཡོལ་དང་། སྟོན་དུས་ཀྱི་ལོ་མ། དགུན་གྱི་ཁ་བ་སོགས་དང་བོད་ཆའང་གི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་བྱེད་པ། གྲོང་ཚོ་དང་། ཆུ་ཚན། གངས་རི། བོད་ཆའང་གི་རྒྱ་ཁོག བོད་ཆའང་གི་སྐོར་བྲོ་བཅས་ཁོངས་ཡོངས་ལྗོངས་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྫོང་ཡོངས་ཀྱི་རོང་འབྲོག་པ་བརྒྱ་ཆ་60ཡིས་ཐད་ཀར་ལྗོངས་སྐོར་ལས་རིགས་གཉེར་བ་དང་། ལྗོངས་སྐོར་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་བོད་ཆའང་གི་སྐྱེ་ཁམས་དཔལ་ཡོན་གྱི་བར་ཁྱམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། གངས་འཁྱགས་དང་ཚ་གཡོལ་གྱི་གནས་མཆོག་གཉིས་ནི་ཕུགས་འདུན་ཙམ་མིན་པར་ཐེན་ཧྥུའུ་ལྗོངས་སྐོར་གྲགས་ཅན་རྫོང་གི་མིང་གྲགས་ཆེ་རུ་ཕྱིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1