མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་གྱིས་ལོ་སར་ལ་འཚམས་འདྲིའི་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 02-21


དམིགས་བསལ་དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་དམིགས་བསལ་དཀའ་ངལ་ཅན་གྱི་མང་ཚོགས་བདེ་འཇགས་ངང་ལོ་སར་ལ་རོལ་བ་དང་དགུན་གྱི་གྲང་འཁྱག་ལས་སྒྲོལ་ཆེད། ཟླ་2པའི་ཚེས་17ཉིན། བྱམས་མེ་གྲོང་རྡལ་ཏང་ཨུས་རུ་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་འགན་ལེན་ལྔའི་དུད་ཚང་དང་ལྟ་ཞིབ་ཚད་ལེན་དུད་ཚང་། ཕུལ་བྱུང་ལས་བཟོ་བ། དཀའ་ངལ་ཅན་གྱི་དགེ་འདུན་པ་སོགས་ལ་འཚམས་འདྲི་གནང་། ཁོ་ཚོར་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་མཚོན་བཞིན་ལོ་སར་ལ་བཀྲ་ཤིས་སྨོན་འདུན་ཞུས།

བཅར་འདྲི་བྱེད་སྐབས། གྲོང་རྡལ་ཏང་ཨུས་མང་ཚོགས་དང་ངོ་ཐུག་གདོང་འཕྲད་ཀྱིས་འབྲེལ་གཏུག་བྱས་ཏེ། ཁོ་ཚོའི་བདེ་ཐང་གི་གནས་ཚུལ་དང་དཔྱིད་གསར་དུས་ཆེན་རིང་གི་གཞི་རྩའི་འཚོ་བའི་དངོས་ཟོག་གསོག་འཇོག །རྒྱུན་ལྡན་གྱི་འཚོ་བའི་གནས་ཚུལ་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་། ཁོ་ཚོའི་བསམ་འདུན་ལ་ཉན་ནས་དཀའ་ངལ་སེལ་རོགས་བྱས་ཏེ་འཚམས་འདྲིའི་དངུལ་སྤྲད། ཁོ་ཚོར་ལུས་པོར་བདག་སྐྱོང་བྱེད་དགོས་པར་མངགས་བཅོལ་བྱས། དེ་དང་ཆབས་གཅིག་ཁྱིམ་དུ་གློག་སྤྱོད་པ་དང་མེ་བཀོལ་བ་སོགས་ཀྱི་མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་ཏེ། རྡོ་སོལ་དང་ཐ་མག་གི་དུག་ཕོག་པ་སྔོན་འགོག །མེ་སྐྱོན་སྔོན་འགོག་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་དང་དོགས་ཟོན་ནུས་པ་ཆེ་རུ་བཏང་། 

རྗེས་ཕྱོགས་བྱམས་མེ་གྲོང་རྡལ་གྱིས་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་བྱ་བ་དངོས་སྒྲུབ་ནས། དམིགས་བསལ་མི་ཚོགས་ལ་དོ་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་དང་། དཀའ་ངལ་ཅན་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་མཐའ་ཚད་བརྟན་པོར་སྲུང་ནས། མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་འཇགས་ཚོར་སེམས་སྔར་བས་ཆེ་རུ་གཏོང་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1