འབའ་ཐང་རྫོང་དུ་དམངས་ཁྲོད་ལག་རྩལ་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ།

བདེ་ཆེན་གྱིས་བསྒྱུར། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 02-29


འབའ་ཐང་རྫོང་དུ་དམངས་ཁྲོད་ནས་ཡོང་བའི་གྲོ་གཅུས་བཟོ་མཁས་པའི་ལག་རྩལ་པ་མང་པོ་མཉམ་དུ་འཛོམས་ནས་གྲོ་གཅུས་བཟོ་བའི་ལག་རྩལ་འགྲན་སྡུར་གྱི་བྱེད་སྒོ་ཞིག་སྤེལ་བ་རེད།

འགྲན་སྡུར་ཡུལ་དངོས་སུ་འབའ་ཐང་ས་གནས་རང་གི་ཞིམ་ཟས་ལག་རྩལ་ཆེད་མཁས་རྒན་རབས་པ་དཔྱད་འདེམས་དགེ་རྒན་གདན་དྲངས་ནས་འབའ་ཐང་ཟས་མཆོག་གི་བྲོ་བ་འཚོལ་བ་རེད། འགྲན་སྡུར་འདི་ནི་འབའ་ཐང་རྫོང་གིས་དཔྱིད་གསར་དུས་ཆེན་བསུ་བ་དང་གྲང་ངར་ཆེ་བའི་དགུན་དུས་སུ་གྲོ་གཅུས་འགྲན་སྡུར་ཞེས་པ་གཙོ་དོན་བྱས་ཤིང་། གྲོ་གཅུས་ཀྱི་རྣམ་པ། བཟོ་ལྟ། སྤུས་ཀ། ཁ་དོག་སོགས་བལྟས་ན་མིག་ལ་མཛེས་ཤིང་ཟོས་ན་བྲོ་བ་ཞིམ་པོ་བཅས་ཀྱི་སྐར་གྲངས་དཔྱད་སྡུར་གྱི་ཚད་གཞི་ཐོག་ནས་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3། གསར་གཏོད་བྱ་དགའ2། འགྲན་ཞུགས་བྱ་དགའ6བཅས་བདམས་པ་རེད། དེའི་ནང་འགྲན་ཞུགས་ཨང་རྟགས་དགུ་པ་ཙེང་མོང་ཡུན་ལ་ཐེངས་འདིའི་འགྲན་སྡུར་གྱི་བྱ་དགའ་ཨང་དང་པོ་ཐོབ་པ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1